

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས3ཉིན་པེ་ཅིང་དུ་སི་ལོ་ཝེ་ཉི་ཡའི་རྒྱལ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལའོ་ཐེ་ལི་ཆི་ལ་མཇལ་འཕྲད་གནང་།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས3ཉིན་པེ་ཅིང་དུ་སི་ལོ་ཝེ་ཉི་ཡའི་རྒྱལ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལའོ་ཐེ་ལི་ཆི་ལ་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་སི་ལོ་ཝེ་ཉི་ཡའི་བར་འབྲེལ་བ་བཙུགས་པའི་ལོ33གྱི་རིང་ལ། ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་བརྩི་བཀུར། ཕན་ཚུན་ཡིད་ཆེས། གཉིས་ཕན་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ཡོད་ལ། ད་ལྟ་ཀྲུང་གོ་དང་སི་ལོ་ཝེ་ཉི་ཡའི་འབྲེལ་བ་བརྟན་བརླིང་དང་སྐྱོན་བྲལ་འཕེལ་རྒྱས་བཅས་རྒྱུན་འཁྱོངས་བྱས་ཏེ། རིམ་པ་སོ་སོའི་འབྲེལ་འདྲིས་དམ་ཟབ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝེ་ཉི་ཡའི་ཕྱོགས་དང་མཉམ་དུ། མུ་མཐུད་དུ་ཕན་ཚུན་ཡིད་རྟོན་རུང་བའི་གྲོགས་པོ་བྱེད་པ་དང་། ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཆུ་ཚད་མཐོ་བའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་འབྲེལ་འདྲིས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ཁྲིམས་ལུགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་འདོད་ཡོད། ཀྲའོ་ལི་ཅི་ཡིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གནས་ཚུལ་མཚམས་སྦྱོར་གནང་།
ལའོ་ཐེ་ལི་ཆི་ཡིས་བསྟན་དོན། སི་ལོ་ཝེ་ཉི་ཡ་དང་ཀྲུང་གོས་ཕན་ཚུན་བརྩི་བཀུར་དང་། མཐུན་སྒྲིལ་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་ཡིན། སི་ལོ་ཝེ་ཉི་ཡའི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་འཛམ་གླིང་གི་གྲོས་འགོ་རབ་དང་རིམ་པར་ཚད་མཐོའི་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་མཉམ་དུ་སྲུང་སྐྱོང་བྱ་འདོད་ཡོད།