ལི་ཆང་གིས་ཨུ་རུ་སུའི་ཙུང་ལི་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སུའི་ཙུང་ལིའི་དུས་བཀག་མཇལ་འཕྲད་ཐེངས་སུམ་ཅུ་པར་འགོ་འཛིན་མཛད།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 24

ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧང་ཀྲོའུ་རུ་ཨུ་རུ་སུའི་ཙུང་ལི་མིས་ཧྲུའུ་སི་ཅིན་དང་མཉམ་དུ་ཀྲུང་ཨུའི་ཙུང་ལིའི་དུས་བཀག་མཇལ་འཕྲད་ཐེངས་སུམ་ཅུ་པར་འགོ་འཛིན་མཛད།

ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧང་ཀྲོའུ་རུ་ཨུ་རུ་སུའི་ཙུང་ལི་མིས་ཧྲུའུ་སི་ཅིན་དང་མཉམ་དུ་ཀྲུང་ཨུའི་ཙུང་ལིའི་དུས་བཀག་མཇལ་འཕྲད་ཐེངས་སུམ་ཅུ་པར་འགོ་འཛིན་མཛད།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུ་གཉིས་ནི་ཕན་ཚུན་ལ་ཡིད་ཆེས་བྱས་ཆོག་པའི་ཁྱིམ་མཚེས་དགའ་བོ་དང་གྲོགས་པོ་དགའ་བོ་ཡིན། ད་ལོ་ནི་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་སུའུ་ལེན་རྒྱལ་སྲུང་དམག་འཁྲུག འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བའི་ལོ་ཡིན་པས། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་རྗེས་དྲན་བྱེད་པའི་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་དང་ཨུ་རུ་སུའི་མཛའ་མཐུན་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་བཏང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིན་གཉིས་ལོ་འདིའི་ནང་ཐེངས་གཉིས་ལ་མཇལ་འཕྲད་གནང་ནས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་མཛད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དེ་རྩ་བའི་གཞི་འཛིན་སར་བཟུང་སྟེ། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་རོགས་ལས་གཏིང་ཟབ་ཏུ་བཏང་ནས། ཐུན་མོང་གི་འཕེལ་རྒྱས་དང་བདེ་འཇགས་ཁེ་ཕན་ལ་སྔར་ལས་སྲུང་སྐྱོབ་ལེགས་པོ་བྱེད་འདོད་ཡོད། ཟླ་སྔོན་མར། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། མ་འོངས་བའི་ལོ5དང་ཐ་ན་དེ་ལས་རིང་བའི་དུས་སྐབས་ཤིག་གི་ཀྲུང་གོའི་འཕེལ་རྒྱས་ལ་འཆར་གཞི་ལེགས་པོ་བཀོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་ཆེར་བཏང་སྟེ། ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་མུ་མཐུད་དུ་སྐུལ་འདེད་བཏང་ནས། དེང་རབས་ཅན་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་མུ་མཐུད་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད།

མིས་ཧྲུའུ་སི་ཅིན་གྱིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བདེ་བླག་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་ཡིན། ཨུ་རུ་སུ་དང་ཀྲུང་གོ་གཉིས་ཀྱི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་མིག་སྔར་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་གནས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་ལ་ཤུགས་བསྣན་ཏེ། དཔལ་འབྱོར་ཉོ་འཚོང་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད།

ལི་ཆང་དང་མིས་ཧྲུའུ་སི་ཅིན་གཉིས་ཀྱིས་དུས་བཀག་མཇལ་འཕྲད་ཨུ་ཡོན་ལྷན་ཁང་ཁག་གི་འཐུས་མིའི་བྱ་བའི་སྙན་ཞུར་གསན། ཕྱོགས་གཉིས་ཀྱིས་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་ནི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དང་མཉམ་ལས་ཀྱི་ཆབ་སྲིད་འགན་ལེན་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་དགོས་པ་དང་། མཉམ་ལས་ལམ་སྲོལ་རྒྱ་ཆེར་བཏང་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། མཉམ་ལས་དངུལ་གཏོང་ཇེ་མང་དུ་གཏོང་བ། ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་པར་འདོད། མཇལ་འཕྲད་ཀྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས《ཀྲུང་གོ་དང་ཨུ་རུ་སུའི་ཙུང་ལིའི་དུས་བཀག་མཇལ་འཕྲད་ཐེངས་སུམ་ཅུ་པའི་མཉམ་འབྲེལ་སྤྱི་བསྒྲགས》ལ་མཚན་རྟགས་བཀོད་པ་མ་ཟད། ཐུན་མོང་གིས་སྒོ་ཁྲལ་ལས་ཁུངས་དང་སྲུང་སྐར་ཕྱོགས་སྟོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མཚན་རྟགས་བཀོད་པ་བདེན་དཔང་གནང་།

ཧི་ལིས་ཧྥིན་དང་། ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན་བཅས་གོང་གསལ་གྱི་བྱེད་སྒོར་ཞུགས།