
ཟླ11པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅཱ་མེ་ཁར་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་པ་ཐེབས་པར་ཅཱ་མེ་ཁའི་སྤྱི་ཁྱབ་འགན་འཛིན་པ་ཨའེ་ལུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། ཅཱ་མེ་ཁར་རྒྱ་མཚོའི་རླུང་འཚུབ་དྲག་པོའི་གནོད་པ་ཐེབས་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་ཐེབས་པ་ཐོས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུས་པ་དང་རྐྱེན་ལམ་ཤོར་མཁན་གྱི་ནང་མི་དང་། རྨས་སྐྱོན་ཕོག་མཁན། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་ཡིན། ཅཱ་མེ་ཁ་ནི་ཀྲུང་གོའི་འཐབ་ཇུས་གྲོགས་པོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་བརྩེ་བ་ཟབ་མོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅཱ་མེ་ཁ་ལ་རོགས་སྒྲུབ་མཁོ་སྤྲོད་བྱས་ནས། ཅ་མེ་ཁ་མི་དམངས་ཀྱིས་གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞི་བསྐྱར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད། ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཅཱ་མེ་ཁའི་ཙུང་ལི་ཧོ་ཨར་ཉི་སི་ལ་འཚམས་འདྲིའི་གློག་འཕྲིན་བཏང་།