ལི་ཆང་གིས་སེར་ཝེ་ཡའི་ཙུང་ལི་ལ་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 8

           ཚེས4ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧྲང་ཧའེ་རུ་ཀྲུང་གོར་ཡོང་ནས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་སྐབས་བརྒྱད་པར་ཞུགས་པའི་སེར་ཝེ་ཡའི་ཙུང་ལི་མ་ཁྲུའུ་ཐི་ལ་མཇལ་འཕྲད་གནང་།

          ལི་ཆང་གིས་བསྟན་དོན། ད་ལོའི་ཚུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཝུའུ་ཆི་ཆི་དང་ཐེངས་གཉིས་ལ་མཇལ་འཕྲད་གནང་ནས། དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྔར་ལས་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོས་སེར་ཝེ་ཡ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་། ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་སོགས་གཙོ་གནད་ལས་གཞི་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཉོ་འཚོང་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་སེར་ཝེ་ཡའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ་དང་། ཕྱོགས་གཉིས་ཀྱིས་ཕྱོགས་མང་མཉམ་ལས་ཟབ་ཏུ་བཏང་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

          མཱ་ཁྲུའུ་ཐི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཕན་ཚུན་འཚམས་འདྲི་གནང་སྟེ། སེར་ཝེ་ཡ་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པར་སླེབས་པར་སྣེ་ཁྲིད་གནང་ཡོད། ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱིས་རྒྱལ་ཁབ་སོ་སོས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་གོ་སྐབས་གསར་པ་བསྐྲུན་ནས། སེར་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་དཔལ་འབྱོར་ཉོ་འཚོང་དང་། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས་ཐུན་མོང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད།