

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་བཞི་ཉིན་པེ་ཅིང་དུ་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭའི་རྒྱལ་ཁབ་སོ་སོའི་འཐུས་མིར་མཇལ་འཕྲད་གནང་།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་བཞི་ཉིན་པེ་ཅིང་དུ་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭའི་རྒྱལ་ཁབ་སོ་སོའི་འཐུས་མིར་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་གླིང་ཕྲན་རྒྱལ་ཁབ་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ལ་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉིས་ཕན་མཉམ་ལས་རྒྱ་སྐྱེད་ནས།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང《སྔོ་མདོག་གི་ཞི་བདེ་རྒྱ་མཚོ་ཆེན་མོའི2050འཐབ་ཇུས》སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། ཕྱོགས་མང་མཉམ་ལས་དམ་ཟབ་དང་ལག་གདང་སྦྲེལ་ནས་འཛམ་གླིང་ཡོངས་ཀྱི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་བྱེད་འདོད་ཡོད་ལ། ཁྲིམས་འཛུགས་ལས་ཁུངས་ཀྱི་རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་འགྲོ་འོང་ལ་ཤུགས་བསྣན་ཏེ། ཁྲིམས་འཛུགས་ཟབ་སྤེལ་དང་ལྟ་སྐུལ་གྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱས་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས།
ཚོགས་ཞུགས་རྒྱལ་ཁབ་སོ་སོའི་འཐུས་མིས་བསྟན་དོན། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ནས། འཛམ་གླིང་ཡོངས་ཀྱི་གྲོས་འགོ་ཆེན་པོ་བཞི་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད། གླིང་ཕྲན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་འདོད་ཡོད།