ཏིན་ཞུའེ་ཞང་གིས་ཝུ་ར་ཀུའེ་ལ་འཚམས་འདྲི་མཛད།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 8

ས་དེའི་ཟླ11པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་གདན་ཞུ་ལྟར་ཝུ་ར་ཀུའེ་ལ་འཚམས་འདྲི་མཛད་དེ། མོང་ཏེ་ཝེ་ཏི་ཡ་རུ་ཝུ་ར་ཀུའེ་ཡི་ཙུང་ཐུང་ཨོ་འར་ཞི་ལ་མཇལ་འཕྲད་གནང་བ་དང་། ཙུང་ཐུང་གཞོན་པ་ཀའོ་སི་དང་གྲོས་མོལ་མཛད།

ས་དེའི་ཟླ11པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུནལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་གདན་ཞུ་ལྟར་ཝུ་ར་ཀུའེ་ལ་འཚམས་འདྲི་མཛད་དེ། མོང་ཏེ་ཝེ་ཏི་ཡ་རུ་ཝུ་ར་ཀུའེ་ཡི་ཙུང་ཐུང་ཨོ་འར་ཞི་ལ་མཇལ་འཕྲད་གནང་བ་དང་། ཙུང་ཐུང་གཞོན་པ་ཀའོ་སི་དང་གྲོས་མོལ་མཛད།

ཨོ་འར་ཞི་དང་མཇལ་འཕྲད་གནང་སྐབས་ཏིན་ཞུའེ་ཞང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་གནང་། ཏིང་ཞུའེ་ཞང་གིས་བསྟན་དོན། འབྲེལ་བ་བཙུགས་ནས་ལོ37རིང་། ཀྲུང་གོ་དང་ཝུ་ར་ཀུའེ་ཡིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཡོད། དེ་སྔོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། ཀྲུང་གོའི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་གནང་ཞིང་། ཀྲུང་གོ་དང་ཝུ་ར་ཀུའེ་བར་གྱི་མཉམ་ལས་ལ་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་བྱས་ནས་ཀྲུང་གོ་དང་ཝུ་ར་ཀུའེ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་ཇེ་བརྟན་དུ་བཏང་ནས། རིམ་པ་ཁག་གི་མཛའ་མཐུན་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་དགོས། དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་བཏང་སྟེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་སྒྲོམ་གཞིའི་འོག ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་དགོས། མི་གཞུང་བརྗེ་རེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་རྒྱུས་ལོན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས། ཕྱོགས་མང་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།

ཨོ་འར་ཞི་ཡིས་ཏིན་ཞུའེ་ཞང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། ཝུ་ར་ཀུའེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཉིན་རེ་བཞིན་ཇེ་ཟབ་ཏུ་ཕྱིན་པ་དང་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་ཕྱིན་ཡོད། ཝུ་ར་ཀུའེ་ཡི་མི་དམངས་དང་ལས་རིགས་ཁག་གིས་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་ལ། ཝུ་ར་ཀུའེ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ཝུ་ར་ཀུའེ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འདུ་ཤེས་དང་གྲོས་འགོ་གལ་ཆེན་རབ་དང་རིམ་པར་མོས་མཐུན་དང་དགའ་བསུ་བྱེད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་བསྣན་ནས། རང་མོས་སྒོ་འབྱེད་ཀྱི་རྒྱལ་སྤྱིའི་ཉོ་འཚོང་མ་ལག་དང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་འདོད་ཡོད་པ་བསྟན། 

མཇལ་འཕྲད་གནང་རྗེས། ཏིན་ཞུའེ་ཞང་དང་ཨོ་འར་ཞི་ཡིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལག་རྩལ་མཉམ་ལས་དང་སྒོ་ཁྲལ་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་བྱས། 

ཀའོ་སི་དང་གྲོས་མོལ་བྱེད་སྐབས། ཏིན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་ཡིས་དུས་ཡུན་རིང་པོར་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་པར་བསྔགས་བརྗོད་བྱེད་ལ། ཀྲུང་གོ་དང་ཝུ་ར་ཀུའེ་ཡི་དཔལ་འབྱོར་གསབ་རེས་རང་བཞིན་ཆེ་བ་དང་མཉམ་ལས་སྦས་ཤུགས་ཆེན་པོ་ལྡན་པས། ཕྱོགས་གཉིས་ཀྱིས་དངུལ་གཏོང་དཔལ་འབྱོར་ཉོ་འཚོང་མཉམ་ལས་མུ་མཐུད་དུ་རྒྱ་ཆེར་བཏང་ནས། ལྗང་མདོག་ལག་རྩལ་དང་ཐོན་ལས་མཉམ་ལས་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་ཚུད་པའི་ལ་ཏིང་མེ་གླིང་ཕྱོགས་དང་མཉམ་དུ། མཐུན་སྒྲིལ་དང་འཕེལ་རྒྱས། དཔལ་ཡོན། ཞི་བདེ། དམངས་སེམས་བཅས“འདུ་འགོད་ཆེན་པོ་ལྔ”ལག་བསྟར་བཟང་བོ་བྱས་ནས། ཐུན་མོང་གིས་འཕེལ་རྒྱས་དང་དར་རྒྱས་དོན་གཉེར་བྱས་ཏེ། ཐུན་མོང་ཐོག་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད། 

ཀའོ་སི་ཡིས་བསྟན་དོན། ཀྲུང་གོར་མཛའ་མཐུན་ཡོང་བ་ནི་ཝུ་ར་ཀུའེ་ཡི་ཏང་ཁག་སོ་སོ་བརྒལ་བའི་ཐུན་མོང་གི་ངོས་འཛིན་དང་སྲིད་ཇུས་ཡིན། ཝུ་ར་ཀུའེ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། དེང་སྐབས་ཀྱི་འཛམ་གླིང་ལ་སྔོན་ཆད་ཀྱི་དུས་གང་ཞིག་ལས་ཀྱང་ཕྱོགས་མང་རིང་ལུགས་མཁོ། ཝུ་ར་ཀུའེ་ཕྱོགས་ཀྲུང་གོ་ཕྱོགས་ཀྱི་ལམ་གྲོགས་བྱས་ནས་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།