ཧན་ཀྲིན་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛམ་གླིང་རྩེ་ཚོགས་སྐབས་གཉིས་པར་ཞུགས་པ་མ་ཟད་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྟེང་གསུང་བཤད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 13


ས་དེའི་ཟླ11པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཁ་ཐར་ཏུའོ་ཧ་རུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛམ་གླིང་རྩེ་ཚོགས་སྐབས་གཉིས་པར་ཞུགས་པ་མ་ཟད་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྟེང་གསུང་བཤད་གནང་།

ས་དེའི་ཟླ11པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཁ་ཐར་ཏུའོ་ཧ་རུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛམ་གླིང་རྩེ་ཚོགས་སྐབས་གཉིས་པར་ཞུགས་པ་མ་ཟད་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྟེང་གསུང་བཤད་གནང་།

ཧན་ཀྲིན་གྱིས་བསྟན་དོན། 1995ལོའི་ཟླ3པར། སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛམ་གླིང་རྩེ་ཚོགས་སྐབས་དང་པོ་རྒྱལ་ཁའི་ངང་འཚོགས། ལོ་ངོ30ཡི་རིང་ལ། ཀྲུང་གོའི་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། དུས་བཅད་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ནས། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི་སློབ་གསོ་དང་སྨན་བཅོས། སྤྱི་ཚོགས་འགན་སྲུང་བཅས་ཀྱི་མ་ལག་བསྐྲུན། ཀྲུང་གོས་ད་དུང་རྒྱལ་ཁབ་གཞན་དག་དང་དབུལ་པོ་ཉུང་འཕྲི་དང་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ཡོང་ཆེད་འབུལ་འོས་པའི་བྱས་རྗེས་བཞག

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་བཏོན་ཏེ། གོ་ལ་ཧྲིལ་པོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ལ་ཁ་ཕྱོགས་གསལ་སྟོན་གནང་། ཉེ་ཆར། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་པ་དང་། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་དེ་བས་མང་བ་དང་དེ་བས་དྲང་གཞག་སྒོས་མི་དམངས་ཡོངས་ལ་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་ལ་སྔར་ལས་ལྷག་པའི་དྲང་ནུས་དང་གཏན་འཁེལ་རང་བཞིན་མཁོ་འདོན་བྱ་རྒྱུ་ཡིན།

ཧན་ཀྲིན་གྱིས་གྲོས་གཞི་བཞི་བཏོན། དང་པོ། མི་གཙོ་བོར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱ་དགོས། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་ཕོངས་སེལ་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་བསྐང་སྟེ། མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཚོར་དུ་འཇུག་དགོས། གཉིས་པ། ཐུན་མོང་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། གསུམ་པ། ཀུན་ཕན་དཀྱེལ་ཡངས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་དེ་ལས་ལྷག་པའི་འགན་འཁྲི་འཁུར་ཏེ། ཐོན་ཁུངས་ཆ་སྙོམས་ཀྱིས་བགོ་བཤའ་རྒྱག་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་འདྲ་མཉམ་ཡོང་བ་སོགས་ལ་སྐུལ་འདེད་གཏོང་དགོས། བཞི་པ། མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གྲོས་རིམ་ཁྲོད་ལྟེ་བའི་མཐུན་སྦྱོར་གྱི་ནུས་པ་འདོན་པར་རྒྱབ་སྐྱོར་བྱེད་པ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མངོན་འགྱུར་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས།

སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛམ་གླིང་རྩེ་ཚོགས་སྐབས་གཉིས་པ་ཟླ11པའི་ཚེས4ཉིན་ནས་ཚེས6ཉིན་བར་འཚོགས་པ་དང་། རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་འགོ་གཙོ30ལྷག དེ་མིན་པུའུ་ཀྲང་རིམ་པའི་འཐུས་མི100ལྷག་རྩེ་ཚོགས་སུ་ཞུགས།