ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས《སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྲོལ་ཡིག》ཁྱབ་བསྒྲགས་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་དེ་ 《སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྲོལ་ཡིགཁྱབ་བསྒྲགས་བྱས་ལ། 2026ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》གི་དམིགས་ཡུལ་ནི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་།  སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་སྤུས་ཚད་ལ་འགན་སྲུང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྐྱེ་ཁམས་དཔལ་ཡོན་དང་མཛེས་པའི་ཀྲུང་གོའི་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པ། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་གང་ལེགས་སྒོས་འདོན་སྤེལ་བྱ་རྒྱུ་དེ་ཡིན། 《སྲོལ་ཡིག》ལས་གཙོ་བོ་གཤམ་གསལ་གྱི་ནང་དོན་གཏན་འབེབས་བྱས་ཡོད།

གཅིག་ནས་སྤྱིའི་བླང་བྱ་གསལ་བོ་བཟོ་དགོས། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱ་བས་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས། ཐབས་ཇུས་བཀོད་སྒྲིག་བཅས་ལག་བསྟར་བྱས་ཏེ། ཁྲིམས་ལྟར་ལྟ་ཞིབ་ཚད་ལེན་དང་ཚན་རིག་དང་མཐུན་པར་ལྟ་ཞིབ་ཚད་ལེན། ཡིད་རྟོན་ལྟ་ཞིབ་ཚད་ལེན་བཅས་རྒྱུན་འཁྱོངས་བྱེད་དགོས།

གཉིས་ནས་སྤྱི་པའི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་དགོས།

གསུམ་ནས་རང་རྟོགས་ལྟ་ཞིབ་ཚད་ལེན་ཚད་ལྡན་དུ་གཏོང་དགོས།

བཞི་ནས་ལག་རྩལ་ཞབས་ཞུའི་ལས་ཁུངས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། ལག་རྩལ་ཞབས་ཞུའི་ལས་ཁུངས་ཀྱིས་རང་ཚུགས་དང་ཕྱི་རོལ་ཡུལ་དང་མཐུན་པ། དྲང་གཞག་བཅས་ཀྱི་སྒོ་ནས་ལྟ་ཞིབ་ཚད་ལེན་གྱི་ཞབས་ཞུ་སྤེལ་ཏེ།  ལས་སྒོའི་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་པར་འགན་སྲུང་བྱེད་དགོས།

ལྔ་ནས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས།

དྲུག་ནས་འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས། 《སྲོལ་ཡིག》གི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་ནན་མོ་དང་གསལ་བོ་གཏན་འབེབས་བྱས།