

ཟླ11པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་བའི་སྙན་ཞུར་གསན་སྐབས་གསུང་བཤད་གལ་ཆེན་གནང་།
ཟླ11པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་བའི་སྙན་ཞུར་གསན་སྐབས་གསུང་བཤད་གལ་ཆེན་གནང་།

ཟླ11པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་བའི་སྙན་ཞུར་གསན་སྐབས་གསུང་བཤད་གལ་ཆེན་གནང་།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་བའི་སྙན་ཞུར་གསན་སྐབས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བར་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། ནན་ཏན་སྒོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་འོག རིམ་པ་སོ་སོ་དང་འབྲེལ་ཡོད་ཕྱོགས་སོ་སོས་རོགས་ལས་དམ་ཟབ་དང་རང་འགུལ་ལས་སྒྲུབ། རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་དམིགས་འབེན་ཕྱོགས་ཡོངས་ནས་མངོན་འགྱུར་བྱ་དགོས་པ་ནན་གྱིས་བསྟན།
ཟླ11པའི་ཚེས6ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་བའི་སྙན་ཞུར་གསན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲེང་ཧྲེང་ཅེ། ཧའེ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧྥེང་ཧྥེ་ཡིས་སྙན་ཞུ་ཕུལ།
སྙན་ཞུར་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་ད་ལོའི་ཟླ12པའི་ཚེས18ཉིན། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དངོས་སུ་གླིང་ཕྲན་ཡོངས་ཁྲལ་སྡོམ་བྱ་རྒྱུ་གཏན་ཁེལ་བྱས་པ་ནི་རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཤིག་ཡིན། རིམ་པ་སོ་སོ་དང་འབྲེལ་ཡོད་ཕྱོགས་སོ་སོས་གྲ་སྒྲིག་ཞིབ་ཚགས་བརྒྱུད་བརྟན་ཞིང་གོ་རིམ་ལྡན་པ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་ནི། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན། འཐབ་ཇུས་ཀྱི་དམིགས་འབེན་འདིར་གཡོ་འགུལ་མེད་པར་དམིགས་ནས། ཧའེ་ནན་རང་མོས་ཉོ་འཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་སྤྱིའི་ཇུས་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཧའེ་ནན་རང་མོས་ཉོ་འཚོང་གྲུ་ཁའི་བཅའ་ཁྲིམས་ལག་བསྟར་བྱ་དགོས་ལ། བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་གསར་གཏོད། གོ་རིམ་དབྱེ་བ་དང་དུས་མཚམས་དབྱེ་ནས་ཆུ་ཚད་མཐོ་བའི་རང་མོས་ཉོ་ཚོང་གྲུ་ཁ་དང་འཚམ་པའི་སྲིད་ཇུས་ལམ་ལུགས་མ་ལག་འཛུགས་དགོས། ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་བརྟན་བརླིང་ངང་ཇེ་ཆེར་བཏང་ནས་ཚོང་དོན་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། གཏིང་ཟབ་སྒོས་ཚོང་ཟོག་དང་གྲུབ་རྐྱེན་འཁོར་རྒྱུག་ཅན་གྱི་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཐོན་སྐྱེད་ཀྱི་གྲུབ་རྐྱེན་རྒྱལ་ཁོངས་ལས་བརྒལ་ནས་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་དགོས། སྔར་ལས་སྒོ་འབྱེད་ཀྱིས་ཤེས་ལྡན་མི་སྣའི་ལམ་སྲོལ་བཙུགས་ནས་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པར་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱ་དགོས། སྲིད་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་དང་། སྲིད་དོན་ཞབས་ཞུ་ལེགས་སྒྱུར་བྱས་ཏེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་ཤོས་བསྐྲུན་པར་ཤུགས་རྒྱག་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཚད་གཞི་མཐོ་བའི་སྒོ་ནས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཧའེ་ནན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒྱལ་ཡོངས་སུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་རམ་འདེགས་བྱ་རྒྱུ་དེ་ཡིན། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འཆར་འགོད་བྱེད་པ་དང་། “ས་ཁུལ་གསུམ་དང་ལྟེ་གནས་གཅིག་”འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ངེས་གནས་ལ་དམ་པོར་དམིགས་ཏེ་ཁྱོན་ཡོངས་ནས་ཧའེ་ནན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཧའེ་ནན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་ཤུགས་རྒྱག་དགོས་ལ། གཙོ་ཁྲིད་ཐོན་ལས་ལེགས་བསྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཐད་འགག་སྒྲོལ་གསར་པ་ཡོང་བར་འབད་བརྩོན་བྱ་དགོས། ཀོང་ཏུང་དང་ཞང་ཀང། ཨོ་མོན་བཅས་མཚོ་ཁུགས་ཆེན་མོའི་ས་ཁུལ་དང་མཉམ་འགུལ་འཕེལ་རྒྱས་གཏོང་བར་ཤུགས་བསྣན་ཏེ། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་དང་། འབྲི་ཆུའི་ཟུར་གསུམ་ས་ཁུལ། འབྲི་ཆུའི་དཔལ་འབྱོར་རྒྱུད་སོགས་ས་ཁོངས་དང་མཉམ་ལས་ཟབ་སྤེལ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མཉམ་འདྲེས་ཟབ་མོ་ཡོང་བར་བྱས་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས། སྐྱེ་ཁམས་ནི་ཧའེ་ནན་གྱི་ལེགས་ཆ་ཆེན་པོ་ཞིག་ཡིན་པས་དེར་སྲུང་སྐྱོང་ཡག་པོ་དང་། སྐམ་མཚོ་གཉིས་གཅིག་གྱུར་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས། ཁོར་ཡུག་གི་གནད་དོན་མངོན་གསལ་ཆེ་བའི་རིགས་བཅོས་སྒྲིག་བྱ་རྒྱུར་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ཁུལ་སྤུས་ཚད་མཐོ་བའི་འཛུགས་སྐྲུན་བྱེད་དགོས། ཀུན་ཕན་རང་བཞིན་དང་། རྨང་གཞི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་དག་ཐག་གཅོད་ཡག་པོ་བྱས་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྒོ་འབྱེད་ཇི་ཙམ་བྱས་པ་དེ་ཙམ་གྱིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྒོ་འབྱེད་མྱུར་ཚད་དང་འཕེལ་རིམ་བཀོད་སྒྲིག་བྱས་ཏེ་ཉེན་ཁ་དབྱེ་འབྱེད་དང་སྔོན་འགོག་ལ་ཤུགས་སྣོན་བྱས་ཏེ་བྱ་བ་ཏན་ཏིག་གིས་བསྒྲུབ་པ་དང་། གོམ་པ་རིམ་བགྲོད་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ནམ་ཡང་ལམ་དུ་ཡོད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཧུར་ཐག་གིས་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་མེད་པར་བཟོ་དགོས། རིམ་པ་སོ་སོས་ལས་བྱེད་པར་སྒྲིག་བཀུར་སྒྲིག་སྲུང་གི་སྔོན་འགྲོའི་ཆ་རྐྱེན་འོག་འགན་འཁུར་ཕོད་པ་དང་། ལས་དོན་སྒྲུབ་མཁས་པ། འབད་འཐབ་ཏན་ཏིག་བྱེད་པར་བརྟེན་ནས་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་བྱ་བའི་གྲུབ་འབྲས་གསར་སྐྲུན་བྱ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ཧའེ་ནན་གྱིས་རྒྱ་མཚོའི་རླུང་འཚུབ“མཚོ་སྐྱར”གྱི་འཕེལ་ཕྱོགས་ལ་དམ་པོར་དམིགས་ནས། འབྲེལ་ཡོད་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། སྔོན་འགོག་དང་འཕྲལ་སྡོམ་ཐག་གཅོད་ཀྱི་བྱ་བ་ནན་ཏན་སྒོས་བསྒྲུབས་ནས་གྱོང་གུད་དམའ་ཤོས་སུ་ཆག་རྒྱུར་འགན་ལེན་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་སྙན་ཞུའི་ཚོགས་འདུར་ཞུགས།
ཧི་ལིས་ཧྥིན་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཧའེ་ནན་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས།