ཀྲུང་དབྱང་སྒྲོག་བཤད་ཚོགས་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་བཤད་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 15

བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་སྒྲོག་བཤད་བྱས་པར་མ་ཟད། གཞི་རིམ་གྱི་ལས་བྱེད་དང་མང་ཚོགས་ལ་ཕན་ཚུན་བརྗེ་རེས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་བྱེད་པར་སྐུལ་འདེད་བཏང་།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་ཚེས་དྲུག་ཉིན། རྒྱལ་ཡོངས་དམངས་ཆེན་ལས་ཁུངས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་བཤད་བྱས། ལིས་ཧུང་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་འགོ་སློབ་སྦྱོང་དང་གོ་བ་ལེན་པར་དམིགས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སློབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ། འཐབ་ཇུས་ལས་འགན་དང་། བྱེད་ཐབས་གལ་ཆེན་བཅས་ལ་གོ་བ་གཏིང་ཟབ་ལེན་པ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་སྒོ་ནས་སྒྲོག་བཤད་དང་གསལ་འགྲེལ་གཏིང་ཟབ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་བཤད་རྒྱུར། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་དགོས། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་ནས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱེད་དགོས། 《གྲོས་གཞིའི》ལས་བཏོན་པའི་དམངས་ཆེན་བྱ་བའི་ལས་འགན་དེ་དོན་དངོས་དང་ཟུང་འབྲེལ་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས་པའི་ཝུའུ་ཀྲེན་ལུང་གིས་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་ལས་ཁུངས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་བཤད་བྱས། ཝུའུ་ཀྲེན་ལུང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལ་གོ་བ་གཏིང་ཟབ་བླངས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་གནས་བབ་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པར་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སློབ་སྟོན་བྱེད་ཕྱོགས་དང་། དམིགས་འབེན་གཙོ་བོ། འཐབ་ཇུས་ཀྱི་ལས་འགན། བྱེད་ཐབས་གལ་ཆེན། གཞི་རྩའི་འགན་ལེན་སོགས་ཀྱི་ཐད་གོ་བ་ཟབ་མོ་བླངས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་དང་ཀློག་འགྲེལ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས་པའི་ཝུའུ་ཀྲེན་ལུང་གིས་བཤད་རྒྱུར། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ཏང་གི་འགོ་ཁྲིད་ཀྱི་ཆེས་མཐོའི་རྩ་དོན་ཡིན་ལ། དེ་ནི་ཏང་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་ནན་མོ་བྱ་དགོས་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་གལ་ཆེན་ཞིག་ཡིན། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཏེ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ལེ་ཧའེ་ཁྲའོ་ཡིས་ཟླ་11པའི་ཚེས་3ཉིན་ཨན་ཧུའེ་རུ་སྒྲོག་བཤད་སྙན་ཞུ་ཕུལ། ལེ་ཧའེ་ཁྲའོ་ཡིས་ཚང་འཛོམས་གྲོས་ཚོགས་འཚོགས་པའི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱིས་བདེ་ཐང་ཀྲུང་གོ་མགྱོགས་མྱུར་སྒོས་བསྐྲུན་པ་དང་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གི་བྱ་བའི་བླང་བྱ་སོགས་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་སྒྲོག་བཤད་དང་གསལ་འགྲེལ་ལེགས་པོ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ལེ་ཧའེ་ཁྲའོ་ཡིས་བཤད་རྒྱུར། མ་འོངས་པའི་ལོ་ལྔ་ལ་རྒྱང་ལྟ་བྱས་ཚེ། ང་ཚོར་ཡིད་ཆེས་དང་རེ་སྒུག་གིས་ཁེངས་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་སེམས་གཅིག་སྒྲིལ་གྱིས་འབད་བརྩོན་བྱས་ཚེ། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་བའི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་མུ་མཐུད་འབྲི་ཐུབ་ངེས་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལའང་རྣམ་པ་གསར་པ་བཏོད་ཐུབ།

ལེ་ཧའེ་ཁྲའོ་ད་དུང་ཁི་ཏ་ཞོན་ཧྥེ་དང་ཨན་ཧུའེ་གསོ་རིག་སློབ་ཆེན་དུ་བསྐྱོད་དེ། ན་གཞོན་ཚན་རྩལ་ལས་སྒྲུབ་པ་དང་ན་གཞོན་དགེ་སློབ་སོགས་དང་མཉམ་དུ་ཕན་ཚུན་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གོ་དཔང་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་ཞི་ཝུའུ་ཆིན་གྱིས་ཟླ་11པའི་ཚེས་3ཉིན་ཀན་སུའུ་རུ་སྒྲོག་བཤད་སྙན་ཞུ་ཕུལ། ཝུའུ་ཆིན་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་གོ་གནས་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པ་དང་། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ་སོགས་ཀྱི་ཐད་ལ་དམིགས་ཏེ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་བཤད་དང་གསལ་འགྲེལ་གཏིང་ཟབ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གོ་དཔང་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའུ་ཧྲུའུ་ཅི། ཀྲུའུ་ཞི་ཝུའུ་ཆིན་གྱིས་བཤད་རྒྱུར། འདས་པའི་ལོ་ལྔའི་རིང་ལ། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོམ་སྟབས་གསར་པ་སྤོས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པར་འགོ་ཡག་པོ་བརྩམས་ཡོད། གྲུབ་འབྲས་གལ་ཆེན་འདི་དག་ཐོབ་པའི་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་ཁ་ཕྱོགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་པ་ཡིན།

ཝུའུ་ཆིན་ད་དུང་ཀློག་པ་པོ་དཔེ་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་སིར་བསྐྱོད་དེ་ལས་བཟོ་བ་རྣམས་དང་ཕན་ཚུན་སྤེལ་རེས་བྱས།