ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་པི་ཡ་ཁཱ་མཱེ་རོང་བསྟུན་མར་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་ཞུས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 5

ཟླ11པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་ལའོ་པི་ཡ་ལ་གློག་འཕྲིན་བཏང་ནས། ཁོང་མུ་མཐུད་དུ་ཁཱ་མཱེ་རོང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁཱ་མཱེ་རོང་གཉིས་ལ་སྲོལ་རྒྱུན་མཛའ་བརྩེའི་འབྲེལ་བ་ཡོད་ཅིང་། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་མུ་མཐུད་ནས་གཏིང་ཇེ་ཟབ་ཏུ་ཕྱིན་ཡོད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། སང་ལོ་ནི་ཀྲུང་གོ་དང་ཁཱ་མཱེ་རོང་གི་བར་འབྲེལ་བ་བཙུགས་ནས་ལོ55འཁོར་བའི་ལོ་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་གོ་སྐབས་གསར་པར་འཕྲད་ཡོད། ངས་ཀྲུང་གོ་དང་ཁཱ་མེ་རོང་གི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། སྲིད་འཛིན་པི་ཡ་དང་ལྷན་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པ་གོ་སྐབས་སུ་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།