ཀྲུང་དབྱང་སྒྲོག་བཤད་ཚོགས་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་བཤད་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 4

བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་སྒྲོག་བཤད་བྱས་པ་མ་ཟད། གཞི་རིམ་དུ་སོང་ནས་ལས་བྱེད་མང་ཚོགས་དང་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་ཟླ11པའི་ཚེས6ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་བཤད་བྱས། ཧྲིན་དབྱི་ཆིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་གཞི》སློབ་སྦྱོང་དང་རྒྱུས་ལོན་བྱེད་རྒྱུར་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སྒྲོག་བཤད་དང་རིམ་ལྡན་འཆད་འགྲེལ་བྱས་པ་དང་། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་སྒྲུབ་པ་བྱེད་དགོས་པའི་ཚུལ་བསྟན།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་བཤད་རྒྱུར། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་སྔར་ལས་གཏིང་ཟབ་བྱེད་པ་དང་། སྔར་ལས་རང་རྟོགས་དང་བློ་རྩ་བརྟན་པོས “སྲུང་སྐྱོང་གཉིས”ལེགས་པར་བསྒྲུབ་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་སྟེང་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཚད་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་དམངས་འཚོ་ཆེས་གལ་ཆེ། 《གྲོས་གཞིས》རང་ནུས་ཅི་ལྕོགས་དང་འཁོས་དཔག་ལས་སྒྲུབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་གཙིགས་སུ་བཟུང་ནས། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་བཏང་།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཞིན་ཀྲི་ཡིས་ཟླ11པའི་ཚེས6ཉིན་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་བཤད་བྱས། ཅང་ཞིན་ཀྲི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་གཞི》ལ་དམིགས་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་གང་ལེགས་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་སོགས་ཕྱོགས་ལ་རྒྱུས་ལོན་ཡང་དག་བྱེད་པའི་ཕྱོགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་བཤད་ཆ་ཚང་དང་གཏིང་ཟབ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཞིན་ཀྲི་ཡིས་བཤད་རྒྱུར། མི་དམངས་སྲིད་གྲོས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགན་སྒྲུབ་བྱ་བ་སྣ་ཚོགས་ཁྲོད་དོན་འཁྱོལ་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་དེ་མི་དམངས་སྲིད་གྲོས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ལག་ལེན་དངོས་སུ་བསྒྱུར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཆེད་མཉམ་དུ་འབད་བརྩོན་བྱེད་དགོས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་ཡིས་ཟླ11པའི་ཚེས4ཉིན་དང་ཚེས5ཉིན། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྟོང་སྡེ་ཆེན་མོ་རུ་སྒྲོག་བཤད་བྱས། ཧྲིན་ཁྲུན་ཡའོ་ཡིས་ཚང་འཛོམས་གྲོས་ཚོགས་བསྡུས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ་སོགས་ལ་གོ་བ་ཟབ་མོ་ལེན་པའི་ཕྱོགས་ནས། ཁྱོན་ཡོངས་ནས་སྒྲོག་བཤད་དང་གཙོ་གནད་འཆད་འགྲེལ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་ཡིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”དང་མ་འོངས་པར་ཁ་ཕྱོགས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“རང་རྟོན་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ལེགས་པར་བསྒྲུབ་པ། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན། རྒྱལ་ཁ་ཐོབ་ངེས་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་ཉེན་ཁ་སེལ་བ། འགྲན་སློང་བསུས་ཏེ། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་གཏན་འཇགས་ཀྱི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་རྒྱུན་མཐུད་ངང་འབྲི་དགོས།

ཧྲིན་ཁྲུན་ཡའོ་ད་དུང་མཁར་སྡེ་དང་མཐོ་རིམ་སློབ་གླིང་། ཁེ་ལས་བཅས་སུ་སོང་ནས། སྡེ་ཁུལ་གྱི་ལས་བྱེད་པ་དང་གྲོང་མི། མཐོ་རིམ་སློབ་གླིང་གི་དགེ་སློབ། ཁེ་ལས་ཀྱི་ལས་བཟོ་བ་བཅས་དང་བསམ་བློ་བརྗེ་རེས་བྱས།

ཟླ11པའི་ཚེས4ཉིན། ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི་ལེའོ་ཉིང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཞུས་ཁུན་ལིན་གྱིས་ཧྲིན་དབྱང་དུ་སྒྲོག་བཤད་སྙན་ཞུ་ཕུལ། ཞུས་ཁུན་ལིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་གཞི》སློབ་སྦྱོང་དང་རྒྱུས་ལོན་བྱེད་པར་དམིགས་པ་དང་། ལེའོ་ཉིང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སྒྲོག་བཤད་ཆ་ཚང་དང་འཆད་འགྲེལ་གཏིང་ཟབ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ལེའོ་ཉིང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཞུས་ཁུན་ལིན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་སྟེང་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་པ་དང་། ང་ཚོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བཟང་བོར་བསྒྲུབ་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ཆེན་པོ་ལྔར་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡོ་འགུལ་མི་གཏོང་བ། དུས་རབས་གསར་བའི་བྱང་ཤར་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་འགག་སྒྲོལ་གསར་བ་མངོན་འགྱུར་བྱེད་པའི་ཐད་ནས་སྔོན་ཐོན་བརྩོན་ལེན་བྱེད་ཕོད་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའོ་ཉིང་གི་ལེའུ་ཧུར་ཐག་གིས་རྩོམ་དགོས།

ཞུས་ཁུན་ལིན་ད་དུང་བྱང་ཤར་སློབ་ཆེན་དུ་སོང་ནས་སྒྲོག་བཤད་བྱས་ཏེ། དགེ་སློབ་ཀྱི་འཐུས་ཚབ་དང་བསམ་བློ་བརྗེ་རེས་བྱས་ནས། འབད་འཐབ་དམིགས་འབེན་དང་འབད་བརྩོན་གྱི་ཁ་ཕྱོགས་གླེང་།