2025ལོའི་འཛམ་གླིང་སྦྲེལ་དྲའི་ཚོགས་ཆེན་ཝུའུ་ཀྲིན་རྩེ་ཚོགས་འགོ་བརྩམས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

2025ལོའི་འཛམ་གླིང་སྦྲེལ་དྲའི་ཚོགས་ཆེན་ཝུའུ་ཀྲིན་རྩེ་ཚོགས་ཚེས7ཉིན་ཀྲེ་ཅང་ཝུའུ་ཀྲིན་དུ་འགོ་བརྩམས། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ཀྱིས་བསྟན་དོན། ལོ10ཡི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་གྱིས་དྲ་རྒྱའི་བར་སྟོང་ལས་སྐལ་གཅིག་མཐུན་ཚོགས་པ་སྒྲིག་འཛུགས་བྱེད་པའི་འདུ་ཤེས་བཏོན་ནས། སྦྲེལ་དྲའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་དྲ་རྒྱའི་བར་སྟོང་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས་སྦྲེལ་དྲའི་ཁྱབ་ཁོངས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཤིང་། དེས་འཛམ་གླིང་གི་སྦྲེལ་དྲའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྔར་ལས་མང་པོ་བསྐྲུན་ངེས། ཕྱོགས་སོ་སོས་གསོན་ཤུགས་ལྡན་པའི་གཞི་གྲངས་དཔལ་འབྱོར་གསོ་སྐྱོང་དང་ཞི་བདེ་བརྟན་ལྷིང་གི་དྲ་རྒྱའི་བར་སྟོང་བསྐྲུན་ནས། མཛེས་པ་མཉམ་སྤྱོད་ཀྱི་བསམ་པའི་ཁྱིམ་གཞིས་བསྐྲུན་ཏེ། དྲང་གཞག་ལུགས་མཐུན་གྱི་བཅོས་སྐྱོང་མ་ལག་འཛུགས་དགོས།

སྐབས་འདིའི་རྩེ་ཚོགས་ཀྱི་བརྗོད་དོན་ནི“སྒོ་འབྱེད་མཉམ་ལས་དང་བདེ་འཇགས་ཀུན་ཕན་གྱི་གྲངས་རིག་མ་འོངས་པ་མཉམ་བསྐྲུན་བྱེད་པ་སྟེ། ལག་གདང་སྦྲེལ་ནས་དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན”ཞེས་པ་ཡིན།