
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་རྩོམ་མཛད་སྒོ་ཟླ11པའི་ཚེས9ཉིན་གྱི་དགོང་མོར་ཀོང་ཏུང་ཨོ་ལིན་ཕིག་ལུས་རྩལ་ལྟེ་གནས་སུ་འཚོག་རྒྱུ་ཡིན་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་རྩོམ་མཛད་སྒོའི་སྟེང་ཕེབས་རྒྱུ་ཡིན་པར་མ་ཟད། ལུས་རྩལ་འགྲན་ཚོགས་འགོ་རྩོམ་པ་ཁྱབ་སྒྲོག་གནང་རྒྱུ་རེད།
སྐབས་དེར། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཁོངས་གཏོགས་ལས་ཁུངས་ཏེ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཕྱོགས་བསྡུས་འཕྲིན་ལམ་དང་གསར་འགྱུར་འཕྲིན་ལམ། རྒྱ་ཡིག་གི་རྒྱལ་སྤྱིའི་འཕྲིན་ལམ། ལུས་རྩལ་འཕྲིན་ལམ། ལུས་རྩལ་འགྲན་ཚོགས་ཀྱི་འཕྲིན་ལམ། 4Kབརྙན་གསལ་འཕྲིན་ལམ་སོགས་བརྙན་འཕྲིན་འཕྲིན་ལམ་དང་། ཀྲུང་དབྱང་མི་དམངས་རྒྱང་སྒྲོག་ལས་ཁུངས་ཀྱི་ཀྲུང་གོའི་སྐད་སྒྲ་དང་ཁུག་སོ་ཆེན་མོའི་སྐད་སྒྲ། ཀྲུང་གོ་རྒྱལ་སྤྱིའི་རྒྱང་སྒྲོག་ལས་ཁུངས་ཀྱི་འཛམ་གླིང་བརྡ་འཕྲིན་རྒྱང་སྒྲོག་སོགས་ཀྱི་སྐུད་ལམ་ནས་ཡུལ་དངོས་ཐད་གཏོང་བྱ་རྒྱུ་ཡིན་ལ། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་དང་ཀྲུང་དབྱང་བརྙན་ཐུང་། ཀྲུང་དབྱང་བརྙན་འཕྲིན་དྲ་བ་སོགས་ཀྲུང་དབྱང་གི་གཙོ་གནད་སྨྱན་སྦྱོར་གསར་པའི་སྟེགས་བུ་ནས་དུས་མཉམ་དུ་བརྒྱུད་གཏོང་བྱ་རྒྱུ་རེད།