ཀྲུང་དབྱང་སྒྲོག་བཤད་ཚོགས་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་བཤད་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་སྒྲོག་བཤད་བྱས་ཏེ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིསཟླ་11པའི་ཚེས7ཉིན། ཕྱི་འབྲེལ་པུའུ་རུ་སྒྲོག་བཤད་སྙན་ཞུ་ཕུལ། ཝང་དབྱི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ལས་གྲོས་འཆམ་བྱུང་བའི《གྲོས་གཞི》ལ་དམིགས་ཏེ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་འགྲེལ་བཤད་གཏིང་ཟབ་བྱས་པ་མ་ཟད། ཕྱི་འབྲེལ་ཕྱི་དོན་འཐབ་ཕྱོགས་ཀྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་བླང་བྱ་གསལ་བོ་བཏོན།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ལ་རྒྱང་ལྟ་བྱས་ཚེ། རང་རྒྱལ་གྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་སྔར་ལས་གལ་འགངས་ཆེ་བའི་ནུས་པ་བཏོན་ཏེ། ལོ་རྒྱུས་ཀྱི་རང་འགུལ་དམ་འཛིན་བྱེད་པའི་དུས་སྐབས་གསར་པར་བསྐྱོད་ངེས། ང་ཚོས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་སྔར་ལས་ནུས་ལྡན་གྱི་རྒྱལ་སྤྱིའི་ཁོར་ཡུག་བསྐྲུན་ཆེད། སྔར་ལས་སྲ་བརྟན་ཡིན་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས།

ཝང་དབྱི་ཡིས་ད་དུང་གཞི་རིམ་ཏང་ཡོན་ལས་བྱེད་པའི་འཐུས་མི་དང་ཕན་ཚུན་བརྗེ་རེས་བྱས་ཏེ། ཕྱི་འབྲེལ་དང་ཕྱི་དོན་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ཀྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་ཆེད་བྱས་རྗེས་སྔར་ལས་མང་པོ་འཇོག་དགོས་པའི་བླང་བྱ་བཏོན།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཞིང་ལས་ཞིང་སྡེ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཧན་ཅུན་གྱིས་ཟླ11པའི་ཚེས5ཉིན་སི་ཁྲོན་དུ་སྒྲོག་བཤད་སྙན་ཞུ་ཕུལ། ཧན་ཅུན་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་དང་། སློབ་སྟོན་བྱེད་ཕྱོགས། དམིགས་འབེན་གཙོ་བོ། འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན། གཞི་རྩའི་འགན་ལེན་སོགས་ལ་གོ་བ་ཟབ་མོ་ལེན་རྒྱུར་དམིགས་ཏེ། ཞིང་ལས་ཞིང་སྡེ་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་འགྲེལ་བཤད་གཏིང་ཟབ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཞིང་ལས་ཞིང་སྡེ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་ཧན་ཅུན་གྱིས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་མེད་ན་རྒྱལ་ཁབ་ཧྲིལ་པོའི་དེང་རབས་ཅན་ཡོད་མི་སྲིད་ཅེས་བསྟན་ཡོད་པ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་གནད་འགག་ཏུ་བཞག་ཡོད་པས། ང་ཚོས་ཤེས་རྟོགས་ཟབ་མོ་དང་། ཡང་དག་པར་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།

ཧན་ཅུན་ད་དུང་མེ་ཧྲན་གྲོང་ཁྱེར་ཡུང་ཧྥིན་སྡེ་བར་སྒྲོག་བཤད་བྱེད་པར་བསྐྱོད་དེ། ས་གནས་དེའི་ལས་བྱེད་མང་ཚོགས་དང་བསམ་ཚུལ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རིན་ཀྲང་ཡུས་ཀྲུའོ་ཡིས་ཟླ11པའི་ཚེས5ཉིན་ཡུན་ནན་དུ་སྒྲོག་བཤད་སྙན་ཞུ་ཕུལ། ཀྲང་ཡུས་ཀྲུའོ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་དང་ཡུན་རིང་གི་ཤུགས་རྐྱེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་གོ་གནས་གལ་ཆེན་སོགས་ལ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སྒྲོག་བཤད་དང་རྒྱུད་རིམ་ལྡན་པའི་འགྲེལ་བཤད་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རིན་ཀྲང་ཡུས་ཀྲུའོ་ཡིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག རྒྱལ་དབང་ཁེ་ལས་ཀྱིས་ངེས་པར་དུ་སྔར་བས་སྟོབས་ལྡན་དང་སྤུས་ལེགས་སྒྲུབ་དགོས། རྒྱལ་དབང་དཔལ་འབྱོར་གྱི་བཀོད་སྒྲིག་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་ནི་ལས་འགན་གལ་ཆེན་ཞིག་ཡིན། བཀོད་སྒྲིག་འདི་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་དང་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་ལེགས་པར་མཚོན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བར་གཅིག་རྒྱུན་གཅིག་གིས་བཟུང་ཡོད།

ཀྲང་ཡུས་ཀྲུའོ་ད་དུང་ཨན་ཉིང་གྲོང་ཁྱེར་གྱི་ཁེ་ལས་དང་གྲོང་གསེབ་ཏུ་བསྐྱོད་དེ་གཞི་རིམ་གྱི་ལས་བྱེད་པ་དང་། ལས་བཟོ་བ། མང་ཚོགས་བཅས་དང་ཉེ་བར་བཅར་ཏེ་བསམ་ཚུལ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ། ཏང་ཙུའུ་ཧྲུའུ་ཅི་ཀའོ་ཞང་གིས་ཟླ11པའི་ཚེས5ཉིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་དུ་སྒྲོག་བཤད་སྙན་ཞུ་ཕུལ། ཀའོ་ཞང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པའི་དུས་རབས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སོགས་ལ་དམིགས་ནས་རྒྱུད་རིམ་ལྡན་པའི་སྒྲོག་བཤད་བྱས།

ཀའོ་ཞང་ད་དུང་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་སློབ་ཆེན་གྱི་ལིང་ཞང་སློབ་ཁུལ་དུ་བསྐྱོད་དེ། དགེ་སློབ་ཀྱི་འཐུས་མི་དང་། ཚན་རྩལ་གནའ་རྫས་རྟོག་ཞིབ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཚན་ཞིབ་མི་སྣ་དང་བསམ་ཚུལ་བརྗེ་རེས་བྱས།