
ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས《ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་ཀྲུང་གོའི་འགུལ་སྐྱོད》ཅེས་པའི་དེབ་ཐེར་རྒྱབ་ཤ་དཀར་པོ་ཁྱབ་བསྒྲགས་བྱས།
དེབ་ཐེར་རྒྱབ་ཤ་དཀར་པོ་ལས་ནན་གྱིས་བསྟན་དོན། ཐན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་གསལ་བསྒྲགས་གལ་ཆེན་སྤེལ་བའི་ལོ་ལྔའི་རིང་། ཀྲུང་གོས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ཏེ། ནུས་ལྡན་བྱེད་ཐབས་དང་དཀའ་སྤྱད་སྡུག་རུས་བྱས་ནས་ལྷད་མེད་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས།
ནུས་ཁུངས་ལྷད་མེད་ཐཱན་ཉུང་ཚུལ་སྒྱུར་ཐད་གྲུབ་འབྲས་མངོན་གསལ་དོད་པོ་བླངས། འགྱུར་རྡོ་མིན་པའི་ནུས་ཁུངས་འཛད་སྤྱོད་ཀྱི་བསྡུར་ཚད་དེ2020ལོའི16.0%ནས2024ལོའི19.8%བར་འཕར་ཏེ། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་གྲངས་གནས1ལ་ཉེ་བ་འཕར། རྫས་འགྱུར་རྡོ་སྣུམ་གྱི་ནུས་ཁུངས་གཙང་མ་ལས་ཆོད་ཆེ་བའི་ངང་བེད་སྤྱོད་བྱས་ཏེ། ལོ་བཅུའི་རིང་བསྡོམས་པས་སོལ་གློག་གི་རྗེས་ལུས་ཐོན་ནུས་སྟོང་ཝ་དུང་ཕྱུར1ལྷག་དོར།
གཙོ་གནད་ཁྱབ་ཁོངས་ཀྱི་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཏན་ཏིག་བཏང་། ལྷད་མེད་ཐཱན་ཉུང་ཐོན་ལས་ཀྱིས་དཔལ་འབྱོར་སྤྱི་འབོར་ཁྲོད་ཀྱི་བསྡུར་ཚད་རྒྱུན་མ་ཆད་པར་ཇེ་མཐོར་སོང་བ་དང་། ཀྲུང་གོས་གོ་ལ་ཧྲིལ་པོའི་ཆེས་ཆེ་ཞིང་འཐུས་སྒོ་ཆེས་ཚང་བའི་ནུས་ཁུངས་གཙང་མའི་ཐོན་ལས་རྒྱུན་ཐག་བསྐྲུན་ཚར་ཏེ། ལྷད་མེད་ཐཱན་ཉུང་གི་འཚོ་བ་རོལ་སྟངས་ཤིག་མགྱོགས་མྱུར་སྒོས་གྲུབ།
ཐཱན་ཉུང་ཐབས་ལམ་གཙོ་གནད་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས། མ་བཅོས་རྒྱུ་ཆ་སྤྱོད་ནུས་དང་འགྱུར་རྡོ་མིན་པའི་ནུས་ཁུངས་འཛད་སྤྱོད་བྱེད་ཚད་འཐེན་རྗེས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྔོན་གྱི་ལོ་བཞིའི་ནང་ཀྲུང་གོའི་རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་བསྡོམས་པས11.6%ཆག་པ་དང་། ཉེ་བའི་ལོ20ཡི་རིང་། ཀྲུང་གོས་གོ་ལ་ཧྲིལ་པོར་ལྗང་འགྱུར་གཞི་ཁྱོན་བཞི་ཆའི་གཅིག་ཡས་མས་ཁ་སྣོན་བྱས།
དེབ་ཐེར་རྒྱབ་ཤ་དཀར་པོ་ལས་བསྟན་དོན། ཀྲུང་གོས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་སྒུལ་ཤུགས་ཆེན་པོ་བསྩལ། མིག་སྔར། རླུང་གློག་དང་འོད་བརྟེན། ནུས་ཁུངས་གསར་པའི་རླངས་འཁོར་སོགས་ཐོན་རྫས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ200ལྷག་ལ་ཕྱིར་གཏོང་བྱས་ཡོད། 2025ལོའི་ཟླ10པའི་ཟླ་མཇུག་བར། ཀྲུང་གོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ43དང་གནམ་གཤིས་འགྱུར་ལྡོག་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་བཟོད་སྒོམ་བརྗེད་ཐོ55ལ་མིང་རྟགས་བཀོད།