ཞི་ཅིན་ཕིང་གིས་རྒྱལ་ཡོངས་མང་ཚོགས་ལུས་རྩལ་གྱི་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་། སྔོན་ཐོན་མི་སྒེར་གྱི་འཐུས་མིར་མཇལ་འཕྲད་གནང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་འཚོགས་ལ་ཉེ་བའི་སྐབས་འདིར། ཚེས9ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཀྲོའུ་རུ་རྒྱལ་ཡོངས་མང་ཚོགས་ལུས་རྩལ་གྱི་སྔོན་ཐོན་ལས་ཁུངས་དང་། སྔོན་ཐོན་མི་སྒེར་གྱི་འཐུས་མི། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་།  སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཁོ་ཚོར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་།  ཁོང་ཚོར་འབད་འབུངས་ཡར་བརྩོན་དང་གྲུབ་འབྲས་བཟང་པོ་སླར་ཡང་བསྐྲུན་ཏེ་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་བྱས་རྗེས་གསར་པ་འཇོག་དགོས་པའི་ལྕག་སྐུལ་གནང་།

ཕྱི་དྲོའི་དུས་ཚོད4དང་སྐར་མ15ཙམ་གྱི་སྟེང་། ཞི་ཅིན་ཕིང་སོགས་ཀོང་ཀྲོའུ་པའེ་ཡོན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཕེབས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།  ཞི་ཅིན་ཕིང་གིས་ཚང་མར་ཕྱག་བརྡ་གནང་བ་དང་། འཐུས་མི་དང་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་ཡང་ཡང་གནང་བ་མ་ཟད་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན།

ལི་ཧུང་ཀྲུང་དང་། ཀྲང་ཡིའུ་ཞ། ཧོང་ཁུན་མིང་།  ཧྲིན་དབྱི་ཆིན།  ཝང་ཏུང་ཧྥུང་སོགས་མཇལ་འཕྲད་ལ་ཞུགས།