

ཟླ11པའི་ཚེས9ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ལུས་རྩལ་འགྲན་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་མཛད། འདི་ནི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་སྟེགས་བུའི་སྟེང་ཚང་མར་ཕྱག་བརྡ་གནང་ནས་གུས་འདུད་ཞུ་བའི་རྣམ་པ་རེད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ཚེས9ཉིན་གྱི་དགོང་མོར་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ལུས་རྩལ་འགྲན་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་མཛད།
ཚེས9ཉིན་གྱི་དགོང་མོར་ཀོང་ཏུང་ཨོ་ལིན་ཕིག་ལུས་རྩལ་ལྟེ་གནས་སུ་གློག་འོད་རྣམ་པར་བཀྲ་ཞིང་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་འདུག འདི་ནི་ཀོང་ཏུང་ཞང་ཀང་ཨའོ་མོན་བཅས་ས་གནས་གསུམ་མཉམ་འབྲེལ་གྱིས་བསྒྲུབས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་མ་རེད།
ཟླ11པའི་ཚེས9ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ལུས་རྩལ་འགྲན་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་མཛད།
དགོང་མོའི་ཆུ་ཚོད7དང་སྐར་མ58སྟེང་། དགའ་སྤྲོའི་རོལ་མོ་གྲགས་པ་དང་ལྷན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་ཕེབས་པ་དང་། ལྟད་མོ་བ་རྣམས་ལ་ཕྱག་བརྡ་གནང་ནས་གུས་འདུད་ཞུས། ཚོགས་ར་ཡོངས་སུ་ཡུན་རིང་བོར་དགའ་བསུའི་ཐལ་མོ་རྡེབ་སྒྲས་ཁེངས།
དགོང་མོའི་ཆུ་ཚོད8སྟེང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དངོས་སུ་འགོ་བརྩམས། མེས་རྒྱལ་ལ་བསྟོད་གླུ་ལེན་ཞེས་པའི་རོལ་མོ་དང་བསྡོངས་ནས། གུས་ཞབས་དམག་མིས་སྐར་ལྔའི་དར་དམར་ཁྱེར་ནས་ལུས་རྩལ་ཐང་ཆེན་དུ་སླེབས། རྔམ་བརྗིད་ལྡན་པའི་རོལ་མོའི་ཁྲོད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཚོགས་དར། དར་ཆ་སྒྲེང་མཁན་བཅུ་དྲུག་གིས་གྲུབ་པའི་ཚོགས་དར་རུ་དཔུང་ཚོགས་རར་ཡོང་བ་དང་། ཤན་འབྱེད་པའི་འཐུས་ཚབ་རུ་ཁག་དེའི་འཕྲོར་ཚོགས་རར་ཡོང་། དེའི་རྗེས་སུ་འཐུས་ཚབ་ཚོགས་པ་སོ་བདུན་གྱི་ལུས་རྩལ་བའི་འཐུས་ཚབ་སྤོབས་ཉམས་ལྡན་པའི་ངང་ཚོགས་རར་ཡོང་བ་དང་། ཁོ་ཚོ་ནི་སོ་སོར་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་དང་། དེ་མིན་ལས་རིགས་གསུམ་གྱི་ལུས་རྩལ་མཐུན་ཚོགས་བཅས་ནས་ཡོང་བ་རེད། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་དང་དགའ་སྤྲོའི་འབོད་སྒྲས་ལུས་རྩལ་བ་རྣམས་ཚོགས་རར་ཡོང་བར་དགའ་བསུ་ཞུས།
ཚོགས་ཞུགས་མཛད་སྒོ་མཇུག་རྫོགས་རྗེས། ཚོགས་མི་ཡོངས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསེང་མཐོན་པོར་བླངས། བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད། སྐར་ལྔའི་དར་དམར་ཡུན་གྱིས་བསྒྲེངས་ནས་ལྷབ་ལྷུབ་གཡོ་བར་བྱེད།
ཟླ11པའི་ཚེས9ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ལུས་རྩལ་འགྲན་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་མཛད། འདི་ནི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་སྟེགས་བུའི་སྟེང་ཚང་མར་ཕྱག་བརྡ་གནང་ནས་གུས་འདུད་ཞུ་བའི་རྣམ་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧོང་ཁོན་མིན་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིས་ཅཱ་ཁྲའོ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚིན་ཧོ་ཧའེ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཀའོ་ཀྲི་ཏན་བཅས་སོ་སོས་ཤིས་ཚིག་ཕུལ།
དགོང་མོའི་ཆུ་ཚོད8དང་སྐར་མ43སྟེང་། ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་འགོ་བརྩམས་པ་ཁྱབ་བསྒྲགས་མཛད། ཚོགས་ར་ཡོངས་སུ་འབོད་སྒྲས་ཁེངས་ཤིང་དགའ་སྤྲོའི་ཐལ་མོ་རྡེབ་སྒྲ་ཡུན་རིང་འཇགས་མེད་དུ་གྲགས།
རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཚོགས་གླུ་དང་བསྡོངས་ནས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཚོགས་དར་དལ་མོར་མཐོ་རུ་བསྒྲེངས།
ཁྲིན་ཨེས་སིན་དང་། ཡིའུ་ཅུན་ཞཱན། ཡོན་ཞོན་ཡུན་བཅས་སོ་སོས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ལུས་རྩལ་བ་དང་རྩལ་འཁྲིད་པ། ཤན་འབྱེད་པ་བཅས་ཀྱི་ཚབ་བྱས་ནས་དམ་བཅའ་བཞག
ཟླ11པའི་ཚེས9ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ལུས་རྩལ་འགྲན་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་མཛད། འདི་ནི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་སྟེགས་བུའི་སྟེང་ཚང་མར་ཕྱག་བརྡ་གནང་ནས་གུས་འདུད་ཞུ་བའི་རྣམ་པ་རེད།
མ་འོངས་ཕུགས་འདུན་འགྲུབ་ཅེས་པ་བརྗོད་གཞིར་བྱས་པའི་རིག་རྩལ་འཁྲབ་སྟོན་གྱི་འགོ་དངོས་སུ་བརྩམས་པ་དང་། འཁྲབ་སྟོན་དེ་འབྱུང་ཁུངས་གཅིག་དང་སེམས་འདུན་གཅིག ཕུགས་བསམ་གཅིག་བཅས་ལེའུ་གསུམ་ལས་གྲུབ་ཅིང་། ལུས་རྩལ་གྱི་ཁྱད་ཆོས་དང་སྒྱུ་རྩལ་ཐབས་ལམ། སྔོན་ཐོན་ཚན་རྩལ་བཅས་གསར་གཏོད་བེད་སྤྱོད་བྱས་ནས། གསོན་ཉམས་ལྡན་པའི་ངང་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལས། མཚོ་ཁུགས་ཆེན་མོར་གསོན་ཤུགས་རྒྱས་ཞེས་པའི་བརྗོད་གཞིར་འགྲེལ་བཤད་བྱས།
མི་སེམས་འགུལ་བར་བྱེད་པའི་དཔལ་འབར་བརྒྱུད་སྤྲོད་དང་དཔལ་འབར་གཙོ་བོ་སྦར་བའི་མཛད་སྒོ་འགོ་བརྩམས། ཟླ11པའི་ཚེས2ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་དཔལ་འབར་དེ་ཀོང་ཏུང་ཞང་ཀང་ཨའོ་མོན་བཅས་ས་གནས་གསུམ་དུ་བརྒྱུད་སྤྲོད་བྱས་རྗེས། ཀོང་ཏུང་ཨོ་ལིན་ཕིག་ལུས་རྩལ་ལྟེ་གནས་སུ་མཉམ་འདུས་བྱས། ཀུན་གྱི་རེ་ལྟོས་འོག་མཱ་ལིན་དང་ཁྲིན་རའོ་ལིན། ཧོང་ཅིན་པའོ། ཧྥང་ཝུན་ཧའོ། ཀའོ་ཅིན་ཅིན། ཝང་ཞིན་ཡུས། ཝང་ལིའུ་དབྱི། ཝང་ཆན་དབྱི། ལིའང་ཝེ་ཁིན། ལའེ་ཞོན་ཀྲི། ཞིས་ཏུང་མའེ། རུང་ཀྲི་ཞིན་སོགས་དཔལ་འབར་ཁྱེར་མཁན་གྱིས་དཔལ་འབར་བརྒྱུད་སྤྲོད་བྱས་ཏེ། སུའུ་པིན་ཐེན་དང་ཀྲང་ཅཱ་ལང་། ལིས་དབྱི་བཅས་ཀྱིས་མཉམ་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གཙོ་བོ་བསྒྲོན།
དགོང་མོའི་ཆུ་ཚོད9དང་སྐར་མ27སྟེང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་རྩོམ་མཛད་སྒོ་དེ་བརྗོད་དོན་གླུ་དབྱངས་གནམ་སའི་སེམས་འདུན་གཅིག་ཅེས་པའི་དགའ་སྤྲོའི་རྣམ་པའི་ཁྲོད་བདེ་བླག་ངང་མཇུག་སྒྲིལ།
ཝང་དབྱི་དང་ལིས་ཧུང་ཀྲུང་། ཧི་ལིས་ཧྥིན། ཀྲང་ཡིའུ་ཞཱ། ཝང་ཞའོ་ཧུང་། ཧྲིན་དབྱི་ཆིན། ཝང་ཏུང་ཧྥིན་བཅས་འགོ་རྩོམ་མཛད་སྒོར་ཞུགས།
རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁའོ་ཝུན་ཁྲུའེ་དང་། རྒྱལ་སྤྱིའི་ཨོ་ལིན་ཕིག་གི་ཚེ་གང་མཚན་འཛིན་ཀྲུའུ་ཞི་པཱ་ཧི། དེ་མིན་གདན་ཞུས་ལྟར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པར་ལྟ་སྦྱོང་བྱེད་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་བཅས་འགོ་རྩོམ་མཛད་སྒོར་ཞུགས།
རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དེ་ཟླ11པའི་ཚེས21ཉིན་མཇུག་བསྡུ་རྒྱུ་ཡིན་ལ། ཁྱོན་བསྡོམས་ལུས་རྩལ་བ་ཁྲི་གཅིག་དང་སྟོང་བཞི་ལྷག་རྩལ་འགྲན་འགྲན་བསྡུར་རྣམ་གྲངས་ཁྲོད་ཞུགས་རྒྱུ་ཡིན་པ་དང་། མང་ཚོགས་ལུས་རྩལ་བ་ཁྲི་གཅིག་དང་སྟོང་གཅིག་ལྷག་མང་ཚོགས་ཀྱི་འགྲན་སྡུར་བྱ་འགུལ་ལ་ཞུགས་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།