
བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་སྒྲོག་བཤད་བྱས་པ་མ་ཟད། གཞི་རིམ་དུ་བསྐྱོད་དེ་ལས་བྱེད་མང་ཚོགས་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས་ཏེ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཉི་ཧུང་གིས་ཟླ11པའི་ཚེས6ཉིན་ཧེ་ལུང་ཅང་དུ་སྒྲོག་བཤད་སྙན་ཞུ་ཕུལ། ཉི་ཧུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་གཞི》སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ཏེ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་བཤད་གཏིང་ཟབ་དང་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཉི་ཧུང་གིས་བཤད་རྒྱུར།
འཐབ་ལམ་གསར་པའི་སྟེང་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། གཏན་འཁེལ་བྱས་པའི་འབད་འཐབ་དམིགས་ཚད་ལ་གཞིགས་ནས་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་ལས་ཐར་བ་དང་། ཉེན་ཁ་སེལ་བ། འགྲན་སློང་ལ་གདོང་གཏོད་པ་བཅས་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས་ལ། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་མུ་མཐུད་ནས་བརྩམས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་རྣམ་པ་གསར་པ་གཏོད་དགོས།
ཉི་ཧུང་ད་དུང་ཏ་ཐང་ཧ་འར་པིན་ཚ་གློག་བཟོ་གྲྭ་དང་པོ་དང་། ཧ་འར་པིན་གྲོང་ཁྱེར་ཏའོ་ལིས་ཆུས་ཞིན་ཅང་མཁར་སྡེ་རུ་སོང་སྟེ། ལས་བྱེད་མང་ཚོགས་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཧྲིན་ཏན་དབྱང་གིས་ཟླ11པའི་ཚེས6ཉིན་ཅི་ལིན་དུ་སྒྲོག་བཤད་སྙན་ཞུ་ཕུལ། ཧྲིན་ཏན་དབྱང་གིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སློབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོར་གོ་བ་ཟབ་མོ་ལེན་པ་ནས། ཏང་གི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་བསྣན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་སོགས་ཀྱི་ཐད་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་སྒྲོག་བཤད་དང་འགྲེལ་བཤད་གཏིང་ཟབ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཧྲིན་ཏན་དབྱང་གིས་བཤད་རྒྱུར།
“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་སྒྲུབ་ཐུབ་པར་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ལྷུར་ལེན་བྱས་ཚེ། 《གྲོས་གཞི》ལས་བཏོན་པའི་འཆར་འགོད་ཆེན་པོ་རིམ་བཞིན་དོན་དངོས་སུ་མངོན་འགྱུར་འབྱུང་ཐུབ་ངེས་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཁྱོན་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་པར་སྐུལ་འདེད་བཏང་སྟེ། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་མུ་མཐུད་ནས་རྣམ་པ་གསར་པ་གཏོད་དགོས།
ཧྲིན་ཏན་དབྱང་ད་དུང་ཁེ་ལས་དང་མཁར་སྡེར་སོང་ནས་ལས་བྱེད་མང་ཚོགས་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གོ་ཚན་རིག་གླིང་གི་གླིང་གཙོ། ཏང་ཙུའུ་ཧྲུའུ་ཅི་ཧོ་ཅན་གོ་ཡིས་ཟླ11པའི་ཚེས5ཉིན་ཀྲུང་གོ་ཚན་རིག་གླིང་དུ་སྒྲོག་བཤད་སྙན་ཞུ་ཕུལ། ཧོའུ་ཅན་གོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བའི་འཕེལ་རིམ་ཁྲོད་ཀྱི་གནས་བབ་གལ་ཆེན་སོགས་ལ་འགྲེལ་བཤད་གཏིང་ཟབ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གོ་ཚན་རིག་ཁང་གི་གླིང་གཙོ། ཏང་ཙུའུ་ཧྲུའུ་ཅི་ཧོ་ཅན་གོ་ཡིས་བཤད་རྒྱུར།
ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང《གྲོས་གཞི》ཡི་བཀོད་སྒྲིག་དང་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་གྱི་ཁྱབ་ཁོངས་གཙོ་བོ་དང་ལྷུ་མཚམས་ཞན་སར་དམིགས་ཏེ། ཐོན་ལས་དང་སློབ་སྦྱོང་། ཚན་ཞིབ་གསུམ་གྱི་མཉམ་ལས་རྒྱུན་མཐུད་ངང་ཟབ་སྤེལ་བྱེད་པ་དང་། རྒྱལ་ཡོངས་སྒྲིག་སྲོལ་གྱི་དགེ་མཚན་གསར་པ་འདོན་སྤེལ་བྱེད་དགོས་ལ། གཅིག་བསྡུས་འགག་སྒྲོལ་བྱས་ཏེ། ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཚན་རྩལ་མཁོ་སྤྲོད་ནུས་པ་འབྱུང་རྩ་ནས་ཇེ་ཆེར་གཏོང་དགོས།
ཧོ་ཅན་གོ་ད་དུང་ཀྲུང་གོ་ཚན་རིག་གླིང་གི་རྒྱལ་ཁབ་བར་སྣང་ཚན་རིག་ལྟེ་གནས་སུ་བསྐྱོད་དེ། ཡུལ་དངོས་ཀྱི་ཚན་ཞིབ་མི་སྣ་དང་ན་གཞོན་སློབ་མའི་འཐུས་མི་དང་ཕན་ཚུན་ལ་བསམ་ཚུལ་བརྗེ་རེས་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཧུའུ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧྲེན་ཞའོ་མིང་གིས་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན་ཧུའུ་ནན་དུ་སྒྲོག་བཤད་སྙན་ཞུ་ཕུལ། ཧྲེན་ཞའོ་མིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་གཞི》དང་ཟུང་འབྲེལ་དམ་པོ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་ཀྱི་རང་རྒྱལ་གྱི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་གོ་གནས་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་སོགས་ཀྱི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཧུའུ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲེན་ཞའོ་མིང་གིས་བཤད་རྒྱུར།
གྲུབ་འབྲས་གལ་ཆེན་འདི་དག་བླངས་པ་ནི། རྩ་བའི་ཆ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཚན་རིག་གི་སྣེ་ཁྲིད་དང་རག་ལས་ཡོད། ལག་ལེན་ལས་གཏན་འཁེལ་གཉིས་ནི་ལོ་རྒྱུས་ཀྱི་གདམ་ཀ་དང་། མི་སེམས་ཀྱི་འདོད་ཕྱོགས་ཡིན་ལ། ང་ཚོ་དཀའ་ངལ་དང་འགལ་རྐྱེན་ཡོད་ཚད་ལས་རྒྱལ་བ་དང་། ངེས་མེད་རང་བཞིན་གྱི་ཆེས་ཆེ་བའི་གཏན་འཁེལ་རང་བཞིན་དང་། ཆེས་ཆེ་བའི་སྤོབས་པ། ཆེས་ཆེ་བའི་ཁག་ཐེག་བཅས་ལ་ཁ་གཏད་འཇལ་བ་ཡིན་པ་ཡང་དང་བསྐྱར་དུ་བདེན་དཔང་བྱས།
ཧྲེན་ཞའོ་མིང་ད་དུང་དབྱི་དབྱང་གྲོང་ཁྱེར་ཧི་ཧྲན་ཁུལ་པི་ཡོན་ཧྥིང་སྡེ་བར་སོང་ནས་ཏང་ཡོན་དང་སྡེ་བའི་འཐུས་མི་ཚོ་ལྷན་དུ་ཕན་ཚུན་བསམ་བློ་བརྗེ་རེས་བྱས།