

ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ11པའི་ཚེས10ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་བསྡུས།
ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ11པའི་ཚེས10ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་བསྡུས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ནོར་སྲིད་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་དབྱང་ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཀྲུའུ་ཝེ་ཏུང་གིས་སྒྲོག་འགྲེལ་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།
སྙན་ཞུའི་ཚོགས་འདུའི་སྟེང་། ཀྲུའུ་ཝེ་ཏུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་རྒྱུས་ལོན་གསལ་བོར་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་རྩ་བའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་གོ་གནས་གལ་ཆེན་ཡང་དག་སྒོས་ཁོང་དུ་ཆུད་པར་བྱེད་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོར་གོ་བ་གཏིང་ཟབ་ལེན་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་མོ་གཅིག་སྡུད་བྱེད་པ་སོགས་ལ་དམིགས་ཤིང་། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་མཚོ་སྔོན་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། འགྲེལ་བཤད་དང་སྒྲོག་འགྲེལ་ཟབ་མོ་བྱས། ཁོས་བསྟན་དོན། གྲོས་གཞི་ལས་འཆར་འགོད་བྱས་པའི་རླབས་ཆེན་འཆར་གཞི་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞིང་ལས་འགན་ཧ་ཅང་ལྕི་བས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཉིས་སྦྲེལ་མཐུད་བྱེད་ཅིང་། མ་ལག་ལྡན་པའི་དམ་འཛིན་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་བྱ་ཆེད་མཉམ་དུ་འབད་འཐབ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གཏོད་དགོས།
ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱེད་སྐབས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བཟང་པོ་བྱེད་པ་ནི་མིག་སྔར་དང་རྗེས་མའི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་སྒྲོག་འགྲེལ་བྱེད་པའི་གོ་སྐབས་དང་བསྟུན་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྔར་ལས་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་པར་དོ་སྣང་བྱེད་པ། སློབ་སྦྱོང་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་བྱ་བ་ལེགས་པོར་བསྒྲུབ་ནས། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། སློབ་སྦྱོང་བསམ་གཞིགས་བེད་སྤྱོད་བཅས་སྦྲེལ་མཐུད་དང་ཤེས་བྱ་འདུ་ཤེས་བྱ་སྤྱོད་བཅས་གཅིག་གྱུར་བྱ་དགོས། དྲིལ་སྒྲོག་སྒྲོག་འགྲེལ་རྩ་འཛུགས་ཞིབ་ཚགས་བྱེད་པ་དང་། གཞི་རིམ་དུ་ཞུགས་པ་རྒྱུན་འཁྱོངས་དང་ཞིབ་འཇུག་ཟབ་སྤེལ་ལ་དོ་སྣང་། གནས་ཚུལ་སྒྲོག་གཏོང་བཅས་བྱས་ཏེ། མང་ཚོགས་ཀྱི་གོ་སླ་ཞིང་ཡིད་ལ་འཛིན་བདེ་བའི་སྐད་ཆར་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་བོར་བཤད་པ་དང་གཏིང་ཟབ་མོར་འཆད་པ། གནད་འཁེལ་སྒོས་བཤད་པ། དོན་ཐོག་ཏུ་འཁྱོལ་བར་བཤད་པ་བཅས་བྱ་དགོས། འཕེལ་རྒྱས་ཀྱི་དངོས་འབྲས་ལ་བརྟེན་ནས་སློབ་སྦྱོང་གི་ཕན་འབྲས་ཚད་ལེན་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྒྲིག་བཟོ་བྱ་བ་ཡོངས་འགྲུབ་བྱས་ཏེ། ལོ་མཇུག་གི་བྱ་བ་སྣ་ཚོགས་ཏན་ཏིག་གིས་བསྒྲུབ་པ་དང་། ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པ་བདེ་བླག་ངང་མཇུག་བསྒྲིལ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོར་རྩོམ་པར་ཁག་ཐེག་བྱ་དགོས་ཞེས་བཏོན།
ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་དང་མཐོ་རིམ་སློབ་གྲྭའི་དགེ་སློབ། དམག་དཔུང་གི་དཔོན་དམག ཁེ་ལས་ཀྱི་ལས་བཟོ་པ་སོགས་ལས་རིགས་སོ་སོའི་འཐུས་ཚབ་པ་མི་བརྒྱད་བརྒྱ་ལྷག་ཚོགས་འདུར་ཞུགས།
མཚོ་སྔོན་དུ་སྡོད་སྐབས། ཀྲུའུ་ཝེ་ཏུང་ད་དུང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ་དང་། ཀྲུང་གོའི་གློག་འཕྲིན་རྒྱལ་ཁབ་གཞི་གྲངས་མཚོ་སྔོན་ལྗང་མདོག་གཞི་གྲངས་ཆེན་མོའི་ལྟེ་གནས་བཅས་སུ་སོང་ནས་སྒྲོག་འགྲེལ་དང་རྟོག་ཞིབ་བྱས་ལ། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིར་མཉམ་འགུལ་བརྗེ་རེས་བྱས།
ལྷ་མོ་འཚོས་བསྒྱུར།