ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཝ་ཐ་ལ་ཁོ་ཐེ་ཏི་ཝོར་གྱི་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་ཞུས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ11ཚེས10ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཨ་ལ་ས་ནེ·ཝ་ཐ་ལ་ཁོ་ཐེ་ཏི་ཝོར་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།  ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་ནི་དེང་རབས་ཅན་གྱི་འགྲོ་ལམ་གྱི་ལམ་གྲོགས་དང་གྲོགས་པོ་བཟང་པོ་ཡིན།  རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཏེ།  ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་མི་དམངས་ཀྱི་མཛའ་འབྲེལ་ཉིན་རེ་བཞིན་མི་སེམས་ཀྱི་ཟབ་སར་ཟུག་ཡོད། ད་ལྟ་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་ངང་བྱུང་ནས་འཛམ་གླིང་ལྷོ་ཕྱོགས་སུ་མངོན་གསལ་དོད་པོས་སྟོབས་ཆེན་དུ་ཕྱིན་ཡོད། ངས་ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད།  སྲིད་འཛིན་ཝ་ཐ་ལ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་གྲོགས་པོའིའབྲེལ་བ་དམ་ཟབ་ཏུ་བཏང་ནས། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།