《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་སྤྱི་བཤད》ཅེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་དེབ་ནང་འགོད་པ་དང་། སློབ་ཁྲིད་ནང་འཇོག་པ། བློ་ལ་འཇགས་པ་བཅས་ལ་སྐུལ་འདེད་བྱ་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་སྒོས་རྩོམ་སྒྲིག་བྱས་པའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གྲྭའི་གཙོ་གནད་བསླབ་གཞི《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་སྤྱི་བཤད》གཤམ་དུ《སྤྱི་བཤད》ཅེས་བསྡུ་རྒྱུ་ཡིན། དེབ་དེ་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་། འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཞི་བཙུགས་ཏེ། གནས་བབ་ཀྱི་འགྱུར་ལྡོག་གསར་པ་དང་ལག་ལེན་གྱི་བླང་བྱ་གསར་པ་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་ལེན་ལས་བྱུང་བའི་ཉམས་མྱོང་དག་རྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་བྱས་པ་དང་། འཕེལ་ཕྱོགས་ཆེན་པོར་ལྟ་བ་དང་། སྤྱི་ཡོངས་ལ་དམིགས་པ། དོན་དངོས་སྒྲུབ་པ་བཅས་བྱས་ཏེ། དཔལ་འབྱོར་བྱ་བའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཏུ་བཏང་ལ། འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཏེ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྣེ་ཁྲིད་དེ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་གྲུབ་ཡོད།

《སྤྱི་བཤད》ནི་འགོ་བརྗོད་དང་གཞུང་དངོས་ལེའུ15ཡིས་གྲུབ་ཡོད་ལ། ཁྱོན་བསྡོམས་ཕལ་ཆེར་ཡིག་འབྲུ་ཉིས་འབུམ་ཆིག་ཁྲི་ཡོད་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དོན་སྙིང་གལ་ཆེན་དང་། ལོ་རྒྱུས་ཀྱི་གནས་བབ། ཁྱད་ཆོས་མངོན་གསལ་དང་། ཚན་རིག་མ་ལག  གཞི་རྩའི་ནང་དོན། ལག་ལེན་གྱི་བླང་བྱ་སོགས་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་ཡོད་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་ལྷོད་མེད་བྱས་པ་ལས་གྲུབ་པའི་བསམ་བློའི་ཉིང་བཅུད་གལ་ཆེན་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གཞི་རྩའི་རྩ་བའི་རིགས་པ་སྤྱད་དེ། དུས་རབས་གསར་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་སྟོན་བྱས་ནས་གྲུབ་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་དང་། དུས་རབས་གསར་པའི་རང་རྒྱལ་གྱི་དཔལ་འབྱོར་བྱ་བའི་ཚན་རིག་དང་མཐུན་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་རེད། 《སྤྱི་བཤད》ཀྱིས་མ་རྩོམ་གྱི་མ་ཡིག་རྒྱུན་འཁྱོངས་བྱས་པ་དང་། མ་ལག་ཅན་དང་གཞུང་ལུགས་ཅན་འབུར་དུ་ཐོན་པར་བྱས་ནས། སྦྱོངས་སླ་ཞིང་སྤྱོད་བདེ་བར་མཐོང་ཆེན་བྱས་ཡོད་ལ། མཐོ་སློབ་ཀྱི་དཔལ་འབྱོར་རིག་པའི་སྐོར་གྱི་ཆེད་ལས་སློབ་མས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པའི་གཙོ་གནད་བསླབ་གཞི་ཞིག་ཡིན་ཞིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་པའི་ཀློག་དེབ་གལ་ཆེན་ཞིག་ཀྱང་རེད།