
ནང་འདྲེན་འགྲེམ་ཚོགས་སྐབས་བརྒྱད་པ་ཚེས་བཅུ་ཉིན་ཧྲང་ཧེ་རུ་མཇུག་སྒྲིལ་བ་དང་། འགྲེམ་ཚོགས་ཀྱི་དུས་ཡུན་ཉིན་དྲུག་ཡིན། རྒྱལ་ཁབ་ཀྱི་འགྲེམས་སྟོན་ནང་དོན་ཕུན་སུམ་ཚོགས་པ་དང་། འགྲེམས་སྟོན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི3ཡོད། འགྲེམ་ཚོགས་སྐབས་སུ་བྱེད་སྒོ་ཐེངས་བརྒྱ་ལྷག་སྤེལ་ནས། ཕྱོགས་སོ་སོའི་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེར་གཏོང་རོགས་བྱས། ཁེ་ལས་འགྲེམས་སྟོན་གྱི་གསར་གཏོད་རྣམ་པ་ཧ་ཅང་ལེགས་ཤིང་། མཚོན་བྱེད་རང་བཞིན་གྱི་ཐོན་རྫས་གསར་པ་དང་ལག་རྩལ་གསར་པ། ཞབས་ཞུ་གསར་པ་བཅས་བསྡོམས་པས461སྒྲོག་སྤེལ་བྱས། དེའི་ཁྲོད་འཛམ་གླིང་ཡོངས་སུ་ཐོག་མར་བཏོན་པ201ཡོད་པ་དང་། དེ་རུ་སྐྱེ་དངོས་སྨན་རྫས་དང་ལྗང་མདོག་ཐཱན་ཉུང་། ལག་རྩལ་སྒྲིག་ཆས་སོགས་ལས་རིགས་ཚུད་ཡོད།
སྐབས་འདིའི་ནང་འདྲེན་འགྲེམ་ཚོགས་ཀྱི་གྲོས་མོལ་གན་རྒྱར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། བསྡོམས་པས་ཉོ་ཚོང་ཚོགས་པ43དང་ཉོ་ཚོང་ཡན་ལག་ཚོགས་པ700ལྷག་བཙུགས་ཡོད་ལ། ཐོ་འགོད་བྱས་པའི་ལྟད་མོ་བ་བཞི་འབུམ་དྲུག་ཁྲི་ལས་བརྒལ་ནས། ན་ནིང་གི་དུས་མཉམ་ལས7%འཕར་ཡོད།
ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། ཝུའུ་ཀྲིན་ཕིན་གྱིས་བཤད་རྒྱུར།
སྐབས་འདིའི་ནང་འདྲེན་འགྲེམ་ཚོགས་ལས་ཚོང་འགྲིག་ཚད་མང་ལ། ལོ་གཅིག་ལྟར་བརྩིས་ན་ཚོང་འགྲིག་ཚད་ཨ་སྒོར་ཐེར་ཆེན་བརྒྱད་ཐེར་འབུམ་གསུམ་དུང་ཕྱུར་བཞི་བྱེ་བ་དགུ་རུ་སླེབས་ཡོད་པ་དང་། སྐབས་སྔོན་མ་དང་བསྡུར་ན4.4%འཕར་ནས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན།
དེ་དང་ཆབས་ཅིག ནང་འདྲེན་འགྲེམ་ཚོགས་སྐབས་དགུ་པའི་གྲ་སྒྲིག་བྱ་བའང་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས་པ་དང་། ཁེ་ལས་འགྲེམས་སྟོན་གྱི་གན་འཇོག་འགྲེམས་སྟོན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་8ལས་བརྒལ་ཡོད།