ཀྲུང་དབྱང་སྒྲོག་བཤད་ཚོགས་པས་ས་གནས་སོ་སོ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་བཤད་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

བསྟུད་མར་ཉིན་འགའི་རིང་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མིས་ས་གནས་སོ་སོ་རུ་སྒྲོག་བཤད་བྱས་པ་མ་ཟད། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཕན་ཚུན་བར་བསམ་ཚུལ་སྤེལ་རེས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཀྲིན་ཧྲན་ཅེ་ཡིས་ཟླ11པའི་ཚེས9ཉིན་ཅང་སུའུ་རུ་སྒྲོག་བཤད་སྙན་ཞུ་ཕུལ། ཀྲིན་ཧྲན་ཅེ་ཡིས་“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དོན་སྙིང་གལ་ཆེན་དང་། སློབ་སྟོན་བྱེད་ཕྱོགས། དམིགས་འབེན་གཙོ་བོ། འཐབ་ཇུས་ཀྱི་ལས་འགན་གལ་ཆེན། དེ་བཞིན་དུ་ནུས་ཤུགས་ཡོད་རྒུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དམ་འཛིན་བཟང་པོ་བྱེད་པ་སོགས་ཀྱི་ཐད་ལ་དམིགས་ནས། རང་རྒྱལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས་སྒྲོག་བཤད་གཏིང་ཟབ་དང་ཁྱོན་ཡོངས་ནས་གསལ་འགྲེལ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན། ཀྲིན་ཧྲན་ཅེ་ཡིས་བཤད་རྒྱུར།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ང་ཚོར་རླབས་ཆེན་གྱི་འཆར་གཞི་བཀོད་པ་དང་། རྗེས་ཕྱོགས་ཀྱི་འགག་རྩ་ནི་དོན་འཁྱོལ་དམ་འཛིན་བཟང་པོ་བྱ་རྒྱུ་དེ་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱ་དགོས་ལ། འཐབ་ཇུས་ཀྱི་གཏན་ཤུགས་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁ་ངེས་པར་དུ་ཐོབ་ངེས་ཡིན་པའི་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། བསམ་བློ་གཅིག་མཐུན་དང་ཞུམ་མེད་འབད་འཐབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་མངོན་འགྱུར་འབྱུང་བར་མུ་མཐུད་དུ་འབད་འཐབ་བྱ་དགོས།

ཀྲིན་ཧྲན་ཅེ་ད་རུང་ནན་ཅིན་ཀུའུ་ཡི་མཉེན་ཆས་ཁེ་ལས་ཤིག་ཏུ་ཕྱིན་ནས། ཁེ་ལས་ཀྱི་ལས་བཟོ་པ་དང་མཉམ་དུ་བསམ་ཚུལ་སྤེལ་རེས་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཚོང་དོན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཝང་ཝུན་ཐའོ་ཡིས་ཟླ11པའི་ཚེས9ཉིན་ཧྲན་ཏུང་དུ་སྒྲོག་བཤད་སྙན་ཞུ་ཕུལ།  ཝང་ཝུན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་གཞི》སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་དམ་པོར་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་གོ་གནས་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པ་སོགས་ཀྱི་ཐད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་སྒྲོག་བཤད་དང་མ་ལག་ལྡན་པའི་སྒོ་ནས་འགྲེལ་བརྗོད་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཚོང་དོན་པུའུ་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་། ཝང་ཝུན་ཐའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”སྐབས་སུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་སྔ་ཤུལ་ཕྱི་སྤེལ་གྱི་གོ་གནས་གལ་ཆེན་བཟུང་ཡོད་ལ། འདི་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ་འཁུར་དགོས་པའི་ལོ་རྒྱུས་ཀྱི་ལས་འགན་གཞིར་བཟུང་ནས་བརྡར་ཤ་བཅད་པ་ཞིག་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་བྱ་གལ་གནས་ཆེ་ལ། ནང་དོན་ཕུན་སུམ་ཚོགས་ཤིང་། བརྗོད་བྱ་གཏིང་ཟབ་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལེགས་པར་མངོན་ནས། བསམ་བློ་འདིའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས། ལག་ལེན་གྱི་བླང་བྱ་ཀུན་ལ་ཁྱབ་ཏུ་བཅུག

ཝང་ཝུན་ཐའོ་ད་རུང་ཅི་ནན་ཀྲུང་དབྱང་ཚོང་དོན་ཁུལ་དུ་ཡོང་ནས་སྒྲོག་བཤད་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རིག་གནས་དང་ཡུལ་སྐོར་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་སུན་ཡེ་ལི་ཡིས་ཟླ11པའི་ཚེས7ཉིན། ཀུའེ་ཀྲོའུ་རུ་སྒྲོག་བཤད་སྙན་ཞུ་ཕུལ། སུན་ཡེ་ལི་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་སློབ་སྟོན་བྱེད་ཕྱོགས་དང་། དམིགས་འབེན་གཙོ་བོ། འཐབ་ཇུས་ཀྱི་ལས་འགན། བྱེད་ཐབས་གལ་ཆེན་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་པ་སོགས་ཀྱི་ཐད་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་མ་ལག་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རིག་གནས་དང་ཡུལ་སྐོར་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། སུན་ཡེ་ལི་ཡིས་བཤད་རྒྱུར། སྤྱིའི་ཆ་ནས་བལྟས་ན། འདས་ཟིན་པའི་ལོ་ལྔའི་རིང་ལ། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་པའི་གོམ་པ་གསར་བ་བརྟན་པོའི་ངང་མདུན་དུ་སྤོས། ང་ཚོ་མི་རེ་རེ་ཡིས་རང་རྒྱལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དངོས་ཤུགས་ཆེན་པོ་དང་། དར་རྒྱས་ཀྱི་གསོན་ཤུགས། བག་ཤུགས་ཆེན་པོ། དྲག་ཏུ་འཕྱུར་བའི་སྒུལ་ཤུགས་དེ་ཚོར་ཐུབ་པ་མ་ཟད། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་དེ་བས་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་པ་ལ་ཡིད་ཆེས་དང་ཆོད་སེམས་སྔར་བས་ཇེ་བརྟན་དུ་གྱུར།

སུན་ཡེ་ལི་ད་དུང་ཙུན་དབྱི་ཧྥེང་ཞང་གྲོང་རྡལ་ཧྭ་མའོ་སྡེ་བར་ཡོང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་སྐུལ་འདེད་གཏོང་བའི་ཐད་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ཐེན་ཕེ་ཡན་གྱིས་ཟླ11པའི་ཚེས5ཉིན་ཀྲེ་ཅང་དུ་སྒྲོག་བཤད་སྙན་ཞུ་ཕུལ། ཐེན་ཕེ་ཡན་གྱིས་ཚང་འཛོམས་གྲོས་ཚོགས་འཚོགས་པའི་དོན་སྙིང་གལ་ཆེན་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་གལ་ཆེའི་གོ་གནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལས་འགན་དང་བྱ་ཐབས་གལ་ཆེན་སོགས་ཕྱོགས་ལྔ་ལ་དམ་པོར་གཞིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་སྒྲོག་བཤད་དང་རྒྱས་འགྲེལ་ཞིབ་མོ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ཐེན་ཕེ་ཡན་གྱིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བཅས་བྱ་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱེད་ཐུབ་པ་དང་། མི་དམངས་ལ་བརྟེན་ན་འཕེལ་རྒྱས་གཏོང་བར་རྒྱ་ཆེ་ཤོས་དང་། གཏིང་ཟབ་ཤོས། རྒྱུན་རིང་ཤོས་བཅས་ཀྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡོད་པ་དང་། མི་དམངས་ཀྱིས་མཉམ་དུ་ལོངས་སྤྱོད་བྱས་ན། འཕེལ་རྒྱས་ཀྱིས་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་ཀྱི་འཚོ་བའི་དགོས་མཁོ་སྔར་ལས་ལྷག་པར་སྐོང་ཐུབ་ལ། མི་དམངས་ཡོངས་ལ་སྔར་ལས་མང་ཞིང་སྔར་ལས་དྲང་བདེན་གྱི་སྒོ་ནས་ཕན་ཁེ་འཐོབ་ཐུབ།

ཐེན་ཕེ་ཡན་ད་དུང་ཧང་ཀྲོའུ་གྲོང་ཁྱེར་ཞི་ཧུའུ་ཆུས་ཀྱི་ཝའེ་ཐུང་ཝུའུ་སྡེ་བར་ཡོང་ནས། སྡེ་མི་དང་གཞི་རིམ་སྒྲོག་བཤད་པའི་འཐུས་མི་སོགས་དང་ལྷན་དུ་ཁ་བརྡ་བྱས།