
ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་རྩིས་བཤེར་ཐིན་དང་མཉམ་ལས་གཞོགས་འདེགས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས། སྐོར་ཞིབ་འདྲི་གཅོད་མཉམ་འགུལ་ལམ་སྲོལ་གྱི་ནུས་པར་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ། སྐོར་ཞིབ་བློ་འདྲིའི་ཆེད་མཁས་པའི་མཛོད་ལ་བརྟེན་ནས། སྐོར་ཞིབ་འདྲི་གཅོད་དུས་མཉམ་ལྟ་སྐུལ་འཚོལ་ཞིབ་བྱས་ཏེ་ལྟ་སྐུལ་མཉམ་ཤུགས་ཆེ་རུ་བཏང་པ་དང་སྐོར་ཞིབ་འདྲི་གཅོད་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་།
ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཕྱོགས་ནས། 《“སྐོར་ཞིབ་དང་ཞིབ་བཤེར་མཉམ་འགུལ”གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ་ཞིག》གཏན་འབེབས་དང་པར་འགྲེམས་བྱས་ཏེ། སྐོར་ཞིབ་དང་ཞིབ་བཤེར་ལ་དུས་མཉམ་དུ་ལྟ་སྐུལ་བྱེད་པ་དང་། སྐོར་ཞིབ་དང་ཞིབ་བཤེར་མ་བྱས་གོང་བརྡ་ཁྱབ་གཏིང་ཟབ་ཏུ་གཏོང་བ། ཕྱོགས་གཅིག་ཏུ་གནད་དོན་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཕྱོགས་དྲུག་གི་བྱ་བའི་བྱེད་ཐབས་གསལ་བོར་བཟོས་ཏེ། ཆ་འཕྲིན་འབྲེལ་གཏུག་དང་བྱ་བའི་མཉམ་འབྲེལ། གྲུབ་འབྲས་མཉམ་འདྲེས་བཅས་ལ་ཤུགས་ཆེན་པོས་སྐུལ་འདེད་ཤུགས་བཏང་ནས། སྐོར་ཞིབ་དང་ཞིབ་བཤེར་མཉམ་འགུལ་གྱི་ཕན་འབྲས་ཆེན་པོ་ཐོབ་པར་འགན་ལེན་བྱས་ཡོད།
ཞིང་ཆེན་རྩིས་བཤེར་ཐིན་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་གིས་མཉམ་དུ་རྐང་འཛིན་པ21ལས་གྲུབ་པའི་སྐོར་ཞིབ་བློ་འདྲི་ཆེད་མཁས་པའི་མཛོད་བཙུགས་པ་དང་། ནོར་སྲིད་རྩིས་བཤེར་དང་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་། རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག སྲིད་འཛིན་བྱ་གཞག་རྩིས་ཞིབ། སྐོར་ཞིབ་བྱ་བའི་བརྒྱུད་རིམ་བྱེད་ཐབས་སོགས་ཁྱབ་ཁོངས་ནས་ཆེད་མཁས་པའི་མཛོད་བཙུགས་པ་དང་། ཁྱབ་ཁོངས་སོ་སོ་རུ་ཁྲུའུ་རིམ་པའི་ལས་བྱེད་པ་གཅིག་གིས་ཆེད་མཁས་པའི་མཛོད་ཀྱི་འབྲེལ་གཏུག་མི་སྣའི་འགན་འཁུར་རྒྱུ་གསལ་བོར་བྱས་ཏེ། སྐོར་ཞིབ་ཀྱི་སྤུས་ཚད་དང་ལས་ཕྱོད་ ཕན་འབྲས་ལྡན་པའི་སྒོ་ནས་མཐོ་རུ་བཏང་།
ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་དང་ཞིང་ཆེན་རྩིས་བཤེར་ཐིན་གྱིས་སྐོར་ཞིབ་དང་ཞིབ་བཤེར་དུས་མཉམ་ལྟ་སྐུལ་འཚོལ་ཞིབ་བྱས་པ་དང་། 2025ལོའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འཆར་གཞི་དང་རྩིས་བཤེར་རྣམ་གྲངས་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་ལུགས་མཐུན་གཏན་འབེབས་བྱས་ནས། དུས་མཉམ་ལྟ་སྐུལ་བྱ་ཡུལ་གཅིག་གྱུར་འཆར་འགོད་གཏན་འཁེལ་བྱས་པ་དང་། གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ་གནད་དོན་གལ་ཆེན་མཉམ་དུ་ཞིབ་དཔྱད་བརྡར་གཅོད་བྱས་ཏེ། བྱ་བའི་ཆ་འཕྲིན་དང་གྲུབ་འབྲས་མཉམ་སྤྱོད་བྱས་པས་ལྟ་སྐུལ་ཞིབ་བཤེར་གྱི་ཤུགས་ཚད་དང་ཟབ་ཚད། ཁྱབ་ཚད་བཅས་ཕན་འབྲས་ལྡན་པའི་སྒོ་ནས་མཐོ་རུ་བཏང་།
གཡང་འབུམ་རྒྱལ་གྱིས་བསྒྱུར།