2025ལོའི་ཟླ10པར་ཞིང་ཆེན་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་རགས་ཆེན་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་ཆེད། གཞི་གདངས་ནན་མོ་དང་། བྱེད་ཐབས་ནན་མོ། སྣང་ཚུལ་ནན་མོ་བཅས་ཀྱི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་། ད་ལྟ2025ལོའི་ཟླ10པར་ཞིང་ཆེན་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱས་པའི་འབྲེལ་ཡོད་གནས་ཚུལ་གྱི་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།     ཟླ10པར། ཞིང་ཆེན་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པ236ཡོད་པ་དང་།    མི263ལ་སྐྱོན་བརྗོད་སློབ་གསོ་བཏང་ནས་ཐག་གཅོད་བྱས་ཏེ། མི126ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་བཅད། དེའི་ཁྲོད་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན148ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི154ལ་སྐྱོན་བརྗོད་སློབ་གསོ་བཏང་ནས་ཐག་གཅོད་བྱས།    མི82ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་བཅད།   སྐྱིད་འདོད་རིང་ལུགས་དང་རྒྱས་སྤྲོས་བག་མེད་ཆུད་ཟོས་ཀྱི་གནད་དོན88 ཞིབ་བཤེར་ཐག་གཅོད་བྱས་པ་དང་།   མི109ལ་སྐྱོན་བརྗོད་སློབ་གསོ་བཏང་ནས་ཐག་གཅོད་བྱས།    མི44ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་རེད།

ཟླ་དང་པོ་ནས་ཟླ10པའི་བར། ཞིང་ཆེན་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན1990ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི2323ལ་སྐྱོན་བརྗོད་སློབ་གསོ་བཏང་ནས་ཐག་གཅོད་བྱས།   མི1018ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་བཅད། དེའི་ཁྲོད་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན1223ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་།    མི1371ལ་སྐྱོན་བརྗོད་སློབ་གསོ་བཏང་ནས་ཐག་གཅོད་བྱས།   མི525ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་བཅད། སྐྱིད་འདོད་རིང་ལུགས་དང་རྒྱས་སྤྲོས་བག་མེད་ཆུད་ཟོས་ཀྱི་གནད་དོན767ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི952ལ་སྐྱོན་བརྗོད་སློབ་གསོ་བཏང་ནས་ཐག་གཅོད་བྱས། མི493ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་བཅད་པ་རེད།

གནད་དོན་ཞིབ་བཤེར་ཐག་གཅོད་ཀྱི་རིགས་ལ་བལྟས་ན། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁྲོད། འགན་འཁྲི་གཙང་སྒྲུབ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འགན་མི་འཁུར་བ་དང་། མི་སྒྲུབ་པ་དང་། གང་འདོད་དུ་སྒྲུབ་པ།  སྒྲུབ་སྟངས་རྫུན་མ་བཅས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་གནད་དོན་སྔར་བཞིན་འབུར་དུ་ཐོན་ཡོད། སྐྱིད་འདོད་རིང་ལུགས་དང་རྒྱས་སྤྲོས་བག་མེད་ཆུད་ཟོས་ཀྱི་གནད་དོན་ཁྲོད། སྒྲིག་འགལ་གྱིས་ལག་རྟགས་འབུལ་རྟེན་ལེན་པ་དང་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་ལེན་བྱེད་པའི་གནད་དོན་མངོན་གསལ་དོད་པོ་ཡོད།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས“སྤྱོད་ངན་བཞི”ཡི་གནད་དོན་གྱི་ཚབས་ཆེན་དང་གནོད་འཚེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ།    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་བརྟན་དུ་བཏང་སྟེ།   སྔ་ས་ཆུང་ས་ནས་དམ་འཛིན་དང་རིམ་བཞིན་འགོག་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་དམ་བསྒྲགས་རྣམ་པ་སྲུང་འཛིན་བྱས་ཏེ། “སྤྱོད་ངན་བཞི”ཡི་གནད་དོན་གྱི་འཕེལ་ཕྱོགས་གསར་པ་དང་མཚོན་ཚུལ་གསར་པར་དམ་པོར་དམིགས་ཏེ། སྒྲིག་འགལ་ཟ་འཐུང་དང་། སྒྲིག་འགལ་གྱིས་ལག་རྟགས་འབུལ་ལེན་སོགས་ཀྱི་གནད་དོན་མགོ་འབུས་ན་རྡུང་རྡེག་གཏོང་བ་དང་། མི་སྒྲུབ་པ་དང་། གང་འདོད་དུ་སྒྲུབ་པ། གཞི་རིམ་གྱི་ཁུར་པོ་ཇེ་ལྗིད་དུ་གཏོང་བ་སོགས་ཀྱི་སྣང་ཚུལ་དུས་ཐོག་ཏུ་ཡོ་བསྲང་བྱས་ཏེ། རྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་དང་། རྩ་ལག་མཉམ་བཅོས། རྒྱུན་རྣམ་ཡུན་ཕན་བཅས་ཡོང་བར་བྱ་དགོས།

མཚོ་མོ་སྐྱིད་ཀྱིས་བསྒྱུར།