
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ11པའི་ཚེས12ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པར་མཇལ་འཕྲད་གནང་།
ལི་ཆང་གིས་བསྟན་དོན། སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་མཆོག་དང་ཞལ་འཛོམས་གནང་ནས། འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཐད་བསམ་ཚུལ་བརྗེ་རེས་ཟབ་མོ་གནང་། ཀྲུང་གོས་སི་ཕེན་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་འབྲེལ་སྔར་ལས་དར་སྤེལ་གཏོང་བ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། དཔལ་འབྱོར་ཉོ་ཚོང་དང་མི་ཐབས་རིག་ནུས། ཕྱོགས་གསུམ་པའི་ཁྲོམ་ར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་མུ་མཐུད་དུ་གོང་དུ་སྤེལ་འདོད་ཡོད། ཀྲུང་སི་རྒྱལ་ཁབ་གཉིས་ནི་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་མཁན་དང་ཕན་ཁེ་རེག་མཁན་ཡིན་པས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ཏེ། འཛམ་གླིང་ཉོ་ཚོང་དཔལ་འབྱོར་གྱི་སྒྲིག་ལམ་ལ་མཉམ་དུ་སྲུང་སྐྱོང་བྱ་དགོས། སི་ཕན་གྱིས་ཀྲུང་ཡོབ་མཉམ་ལས་གཏིང་ཟབ་ཏུ་གཏོང་པར་ནུས་པ་གང་ལེགས་འདོན་རྒྱུའི་རེ་བ་བཅངས་ཡོད།
ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པས་བསྟན་དོན། སི་ཕེན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་པ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གྲོས་འགོ་ཆེན་པོ་བཞི་ལ་ཚད་མཐོའི་བསྟོད་བསྔགས་གནང་བཞིན་ཡོད། ཀྲུང་གོའི་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་གཏིང་ཟབ་ཏུ་བཏང་སྟེ། དཔལ་འབྱོར་ཉོ་ཚོང་དང་མི་ཚུལ་མཉམ་ལས་རྒྱ་ཆེ་རུ་གཏོང་བ་དང་། ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཡོ་ཀྲུང་འབྲེལ་བ་བརྟན་པོར་འཕེལ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།
ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།