ཀྲའོ་ལི་ཅི་ཡིས་སི་ཕེན་གྱི་རྒྱལ་བོ་ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པར་མཇལ་འཕྲད་གནང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། པེ་ཅིན་དུ་སི་ཕེན་གྱི་རྒྱལ་བོ་ཧྥེ་ལི་ཕེ་སྐུ་ཕྲེང་དྲུགཔར་མཇལ་འཕྲད་གནང་།

ཀྲའོ་ལི་ཅིས་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པའི་སྣེ་ཁྲིད་དང་སྐུལ་འདེད་འོག་ཀྲུང་སི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་ཐུབ་ཡོད།  ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་གཅིག་མཐུན་གྱི་ལྟ་བ་གལ་ཆེན་དོན་འཁྱོལ་གང་ལེགས་བྱས་ཏེ།  ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་ཆོས་སྤེལ་རེས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་འཛམ་གླིང་ལ་བརྟན་པོ་རང་བཞིན་དང་དྲང་ཕྱོགས་ནུས་ཚད་སྔར་བས་མང་བ་བསྩལ་རྒྱུ་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སི་ཕེན་གྲོས་ཁང་དང་མཉམ་དུ་ཁྲིམས་འཛུགས་ལས་ཁུངས་དང་མཛའ་མཐུན་འགྲོ་འོང་དམ་ཟབ་བྱས་ཏེ། ཁྲིམས་འཛུགས་དང་ལྟ་སྐུལ་གྱི་ཉམས་མྱོང་སྔར་བས་མང་བ་སྤེལ་རེས་བྱས་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་བྱེད་འདོད་ཡོད།

ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པས་བསྟན་དོན།  སི་ཕན་དང་ཀྲུང་གོ་མི་དམངས་དབར་གྱི་མཛའ་འབྲེལ་གྱི་རྒྱུན་རིང་ཞིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་བླག་བརྟན་བརླིང་ངང་འཕེལ་རྒྱས་ཕྱིན་ཡོད།  ཀྲུང་གོའི་འཕེལ་རྒྱས་འཆར་འགོད་ལ་ཡུན་རིང་རང་བཞིན་དང་རྒྱང་ལྟའི་རང་བཞིན།  འབྲེལ་མཐུད་རང་བཞིན་བཅས་ལྡན། སི་ཕེན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྲིམས་འཛུགས་སྒྲིག་གཞིའི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་འདོད་ཡོད།

ཏིན་ཀྲུང་ལི་མཇལ་འཕྲད་ལ་ཞུགས།

ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། སི་ཕེན་གྱི་རྒྱལ་བོ་ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།