
ཚེས12ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་མཛད་སྒོ་བསྡུས་ནས་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱས་པར་དགའ་བསུ་ཞུས།
ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་འབྲེལ་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་སོགས་དགའ་བསུའི་མཛད་སྒོར་ཞུགས།
ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པའི་ཀྲུང་གོར་འཚམས་འདྲིར་ཕེབས་རོགས་ལ་བཙུན་མོ་དང་ཕྱི་འབྲེལ། ཡོ་རོབ་མནའ་འབྲེལ་གྱི་མཉམ་ལས་བློན་ཆེན། དཔལ་འབྱོར། ཉོ་ཚོང་དང་ཁེ་ལས་ཀྱི་བློན་ཆེན་སོགས་ཡོད།
དམག་དཔུང་རོལ་ཆའི་རུ་ཁག་གིས་སི་ཕེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ནས་རྟེན་འབྲེལ་མེ་སྒྱོགས21བརྒྱབ།
ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུར་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་ཁག་བགོས་རྣམ་པར་གཟིགས།
དེའི་རྗེས་སུ་དམག་མིའི་རོལ་ཆའི་རུ་ཁག་གིས་འཁྲབ་སྟོན་བྱས།
ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པ་ནི་ཞི་ཅིན་ཕིང་གི་གདན་ཞུ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པ་རེད།