ཞི་ཅིན་ཕིང་དང་ཁོའོ་མོ་ལུའོ་ཡི་སྲིད་འཛིན་གཉིས་ཀྱིས་ཀྲུང་གོ་དང་ཁོའོ་མོ་ལུའོ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ11པའི་ཚེས13ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁོའོ་མོ་ལུའོ་ཡི་སྲིད་འཛིན་ཨ་ཀྲ་ལི་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།  ཀྲུང་གོ་ནི་ཁོའོ་མོ་ལུའོ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་དང་པོ་ཡིན། དུས་རབས་ཕྱེད་ཀའི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཁོའོ་མོ་ལུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཡོད་ལ། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་ཏུ་ཟ་བ་བླངས་ནས་རྒྱལ་ཁབ་ཆེ་ཆུང་ཚང་མས་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་མཐུན་སྒྲིལ་རོགས་རེས་ཀྱི་མིག་དཔེ་བསྟན་ཡོད། ངས་ཀྲུང་གོ་དང་ཁོའོ་མོ་ལུའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། སྲིད་འཛིན་ཨ་ཀྲ་ལི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་བར་དུ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བ་གོ་སྐབས་སུ་བཟུང་སྟེ་སྲོལ་རྒྱུན་གྱི་མཛའ་མཐུན་རྒྱུན་འཛིན་བྱས་ནས།  ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཁོའོ་མོ་ལོའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས།  དུས་རབས་གསར་པར་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་ཆེད་འབད་བརྩོན་བྱེད་ལྷོད་མེད་བྱེད་འདོད་ཡོད།

ཨ་ཀྲ་ལི་ཡིས་བསྟན་དོན།  ཕྱི་འབྲེལ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་རིང་། ཁོའོ་མོ་ལུའོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་རྒྱུན་འཁྱོངས་བྱེད་པ་དང་།  མཛའ་འབྲེལ་བརྟན་པོ་བཙུགས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་།  ཁོའོ་མོ་ལུའོ་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་གཏིང་ཟབ་བཏང་ཡོད།  དེང་སྐབས་འཛམ་གླིང་གི་འགྱུར་ལྡོག་རྙོག་འཛིང་ཆེ་ན་ཡང་།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་འགོ་བཏོན་པའི་བདག་དབང་ལ་བརྩི་འཇོག་དང་། ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། མཉམ་ལས་གཉིས་རྒྱལ་བཅས་ཀྱི་འདུ་ཤེས་ཀྱིས་ཁོའོ་མོ་ལུའོ་ཚུད་པའི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་་རྒྱལ་ཁབ་ལ་སྐུལ་ལྕག་ཐེབས།  ཁོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་ཞི་བདེ་དང་། དྲང་གཞག སྣ་མང་ཅན་བཅས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་པའི་མདུན་ལྗོངས་ལ་བསྔགས་བརྗོད་བྱེད་བཞིན་ཡོད།   མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱིས་ཁྲིད་སྟོན་འོག ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུན་མཐུད་དང་དཀྱེལ་ཡངས་རང་བཞིན་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་ཧྥེ་གླིང་དང་ཀྲུང་གོའི་མཐུན་སྒྲིལ་མཉམ་ལས།  ཐུན་མོང་སྟོབས་འབྱོར་བཅས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་འདོད་ཡོད།