​ལི་ཆང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི(ཙུང་ལི)ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་ཉི་ཤུ་པར་ཞུགས་རྒྱུ་ཡིན་པ་མ་ཟད། ཙན་པི་ཡ་རྒྱལ་ཁབ་ལ་དངོས་སུ་འཚམས་འདྲི་མཛད་ར
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ལི་སྨི་ཧྲུའུ་སི་ཅིན་གྱི་གདན་ཞུས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཟླ11ཚེས17ཉིན་ནས་ཚེས18ཉིན་བར་ཨུ་རུ་སུའི་མོ་སི་ཁོ་རུ་འཚོག་འཆར་ཡོད་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི(ཙུང་ལི)ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་རྒྱུ་རེད།

ཙན་པི་ཡ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་གདན་ཞུས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ་11པའི་ཚེས19ནས20ཉིན་བར་ཙན་པི་ཡར་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་རེད།

ལྷོ་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་གདན་ཞུས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཟླ11པའི་ཚེས21ཉིན་ནས་ཚེས23ཉིན་བར་ལྷོ་ཨ་ཧྥེ་རི་ཁའི་ཡོའོ་ཧན་ནེ་སི་པའོ་རུ་འཚོག་འཆར་ཡོད་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་ཉི་ཤུ་པར་ཞུགས་རྒྱུ་རེད།