
བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མིས་ཧའེ་ནན་དང་བོད་ལྗོངས་སུ་སྒྲོག་བཤད་སྙན་ཞུ་ཕུལ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཝང་ཞའོ་ཕིན་གྱིས་ཟླ11ཚེས12ཉིན་ཧའེ་ནན་དུ་སྒྲོག་བཤད་སྙན་ཞུ་ཕུལ། ཝང་ཞའོ་ཕིན་གྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རང་རྒྱལ་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་ཁ་ཕྱོགས་དང་དམིགས་འབེན་གཙོ་བོ་སོགས་ཀྱི་ཐད། ཕྱོགས་ཡོངས་ནས་སྒྲོག་བཤད་དང་འགྲེལ་བཤད་ཟབ་མོ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའི། པུའུ་ཀྲང་ཝང་ཞའོ་ཕིན་གིས་བཤད་རྒྱུར།
《གྲོས་གཞི》ལས་ཧའེ་ནན་གྱིས་ཚད་གཞི་མཐོན་པོའི་སྒོ་ནས་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་དགོས་པ་གསལ་པོར་བསྟན་ཡོད་ལ། དེ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པར་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧའེ་ནན་གྱིས་ཚད་གཞི་མཐོ་བའི་སྒོ་ནས་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་དགོས་ཤིང་། ཧའེ་ནན་གྱིས་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྐུལ་འདེད་གཏོང་བའི་ཁྲོད་རང་མོས་ཉོ་ཚོང་གྲུ་ཁའི་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་དགོས།
ཝང་ཞའོ་ཕིན་ད་དུང་ཧའེ་ཁོའུ་ཡི་ཞིན་ཧའེ་གྲུ་ཁ་དང་ནན་ཀང་གྲུ་ཁའི་“རྒྱུད་གཉིས་འགག་སྒོའི”ཟོག་འདྲེན་གཅིག་སྡུད་ཞིབ་བཤེར་བྱ་ཡུལ་གྱི་འགག་སྒོ་སྒྲོལ་བའི་ཞབས་ཞུའི་ལྟེ་གནས་སུ་ཡོང་སྟེ། གཞི་རིམ་ཏང་ཡོན་ལས་བྱེད་པའི་འཐུས་མི་དང་ཕན་ཚུན་ལ་སྤེལ་རེས་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ། ཝང་ཁྲང་ལིན་གྱིས་ཟླ11ཚེས10ཉིན་བོད་ལྗོངས་སུ་སྒྲོག་བཤད་སྙན་ཞུ་ཕུལ། ཝང་ཁྲང་ལིན་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཐབ་ཇུས་ཀྱི་ལས་འགན་དང་བྱེད་ཐབས་གལ་ཆེན་ལ་ཕྱོགས་ཡོངས་ནས་རྒྱུས་ལོན། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་སོགས་ཀྱི་ཐད་སྒྲོག་བཤད་ཟབ་མོ་དང་མ་ལག་ཚང་བའི་འགྲེལ་བཤད་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ། ཝང་ཁྲང་ལིན་གྱིས་བཤད་རྒྱུར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ནན་ཏན་སྒོས་ལག་བསྟར་བྱེད་པར། བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་དོན་ཆེན་བཞི་རྒྱུན་མཐུད་དུ་དམ་འཛིན་ཡག་པོ་བྱེད་དགོས་ལ། རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་བཏང་སྟེ། བོད་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། གངས་ལྗོངས་མཐོ་སྒང་གི་ནམ་མཁའ་སྔར་བས་གཡའ་དག་ཅིང་ས་གཞི་སྔར་བས་ལྗང་བ། ཆུ་སྔར་བས་དྭངས་བ། ཁོར་ཡུག་སྔར་བས་མཛེས་པར་བྱེད་དགོས།
ཝང་ཁྲང་ལིན་ད་དུང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཀུན་སྤྱོད་མཁའ་འགྲུལ་ཚད་ཡོད་ཀུང་སིར་ཕེབས་ནས་ཁེ་ལས་ཀྱི་ལས་བཟོ་བ་དག་ལ་གཅིག་ལ་གཅིག་གཏད་ཀྱིས་སྒྲོག་བཤད་བྱས།