
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”《གྲོས་གཞིའི》ནང་། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། འཐབ་ཇུས་ཀྱི་ལས་འགན་དང་བཀོད་སྒྲིག་གལ་ཆེན་གནང་ཡོད། ཚེས་བཅོ་ལྔ་ཉིན་གྱི་དབང་གྲགས་བཅར་འདྲི་ལས་དེང་རབས་ཅན་གྱི་ཐོན་ལས་མ་ལག་དང་རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་སོགས་ཀྱི་བྱ་བའི་ཐད་ནས་ཐད་ནས་འགྲེལ་བཤད་བྱས་ཡོད།
《གྲོས་གཞིའི》ནང“དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ཏེ། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་འཐབ་ཇུས་ལས་འགན་གྱི་དོན་ཚན་དང་པོར་བཞག་ཡོད་པ་དང་། སྲོལ་རྒྱུན་ཐོན་ལས་ཀྱི་ལེགས་སྒྱུར་དང་རིམ་སྤར་སོགས་གཙོ་གནད་ལས་འགན་བཞི་བཀོད་སྒྲིག་བྱས་ཡོད། དེའི་ཁྲོད“ནུས་ཤུགས་ཡོད་རྒུས་གསར་དར་གཙོ་རྟེན་ཐོན་ལས་བསྐྲུན་དགོས”ཞེས་དམིགས་སུ་བཀར་ནས་བཏོན་ཡོད།
རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ། ཧྲེན་ཅི་ལོའུ་ཡིས་བཤད་རྒྱུར།
གསར་དར་གཙོ་རྟེན་ཐོན་ལས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་གསར་པ་དང་སྒུལ་ཤུགས་གསར་པ་མཁོ་འདོན་བྱས། 《གྲོས་གཞིའི》ནང་གསར་དར་གཙོ་རྟེན་ཐོན་ལས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཐབས་ལམ་གཙོ་བོར་དམིགས་ནས། དགོས་མཁོ་དང་འདོན་སྤྲོད་ཕྱོགས་གཉིས་ནས་མཉམ་དུ་ཤུགས་བཏོན་ཏེ་བཀོད་སྒྲིག་གལ་ཆེན་བྱས་ཡོད་ལ། ཐོན་ལས་གསར་གཏོད་ལས་གཞི་ལག་བསྟར་བྱས་ནས། གསར་གཏོད་སྒྲིག་ཆས་འཛུགས་སྐྲུན་དང་། ལག་རྩལ་ཞིབ་འཇུག་གསར་སྤེལ། ཐོན་རྫས་རིམ་འཇུག་རིམ་འཕར་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཐོན་ལས་དེ་རྩེར་སོན་ཅན་དང་ཁྱུ་ཚོགས་ཅན། རང་བརྟེན་ཚོད་འཛིན་ཐུབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ལག་རྩལ་གསར་པ་དང་ཐོན་རྫས་གསར་པ། ཡུལ་རྣམ་གསར་པ་བཅས་གཞི་ཁྱོན་ཆེ་བའི་བཀོལ་སྤྱོད་དཔེ་སྟོན་འགུལ་སྐྱོད་ལག་བསྟར་བྱས་ནས། ཁྲག་ཆེན་རིམ་པའི་གསར་དར་ཐོན་ལས་དེ་བས་མང་བ་གཏོད་དགོས།
ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ཇེ་མགྱོགས་སུ་བཏང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་དགོས། 《གྲོས་གཞིའི》ནང་ཕྱོགས4ནས་གཙོ་གནད་བཀོད་སྒྲིག་བྱས་ཡོད།
ཚན་རྩལ་པུའི་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཅེས་མིན་གྱིས་བཤད་རྒྱུར།
འགག་རྩའི་ལྟེ་བའི་ལག་རྩལ་གཞན་དབང་དུ་ཚུད་པའི་རྣམ་པ་མྱུར་དུ་བསྒྱུར་ཆེད། 《གྲོས་གཞིའི》ནང་ཐོག་མའི་གསར་གཏོད་དང་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་དགོས་ཞེས་བཏོན་ཡོད། 《གྲོས་གཞིའི》ནང་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་ཚུལ་བཏོན་པ་དེས། གསར་གཏོད་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ་སྔར་ལས་འབྲེལ་མཐུད་ལེགས་པོ་བྱས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྔར་ལས་གསོ་སྐྱོང་དང་རྒྱ་སྐྱེད་དགོས། 《གྲོས་གཞིའི》ནང་སློབ་གསོའི་ཚན་རྩལ་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བར་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། གསར་གཏོད་བྱེད་ནུས་དང་། སྤུས་ཚད། ཕན་འབྲས། བྱས་རྗེས་བཅས་གདེང་འཇོག་གི་ཁྲིད་ཕྱོགས་སུ་བཟུང་སྟེ། རྣམ་གྲངས་ཞིབ་དཔྱད་དང་། ལས་ཁུངས་དཔྱད་དཔོག ཤེས་ལྡན་མི་སྣར་གདེང་འཇོག ཡོང་འབབ་བགོ་བཤའ་བཅས་བཅོས་བསྒྱུར་ཟབ་སྤེལ་བྱ་དགོས་ཞེས་བཏོན་ཡོད། 《གྲོས་གཞིའི》ནང་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་བཏོན་ཡོད། སྒོ་འབྱེད་མཉམ་སྤྱོད་བདེ་འཇགས་ཀྱི་རྒྱལ་ཡོངས་གཞི་གཅིག་ཅན་གྱི་གཞི་གྲངས་ཚོང་ར་འཛུགས་སྐྲུན་བྱས་ནས། དངོས་ཕུང་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།
རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྲུན་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་གཏོད་དགོས། 《གྲོས་གཞིའི》ནང་“རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་འགོག་རྐྱེན་བཟོ་བའི་འགག་གནད་མཐའ་གཅིག་ཏུ་སེལ་ནས། རང་རྒྱལ་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་བག་ཤུགས་འདོན་སྤེལ་བྱས་ཏེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་ནང་སྐྱེས་སྒུལ་ཤུགས་དང་བློས་འགེལ་རང་བཞིན་ཇེ་མཐོར་གཏོང་དགོས་ཞེས་གསལ་བོར་བཏོན་ཡོད།
བཅར་ལན། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་། ལུའོ་ཝུན་གྱིས་བཤད་རྒྱུར།
རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ས་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་སྟེང“རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་བྱེད་པར་འགོག་རྐྱེན་བཟོ་བའི་འགག་གནད་མཐའ་གཅིག་ཏུ་སེལ་དགོས”ཞེས་བཏོན་ཡོད་པ་དང་། དེས་ཏང་ཀྲུང་དབྱང་གིས་གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་དང་རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་བསྐྲུན་རྒྱུའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་ཡོད། ས་གནས་སྲིད་གཞུང་ཁག་ཅིག་གིས་སྲིད་འཛིན་ལ་བརྟེན་ནས་ཁྲོམ་རའི་ལམ་སྲོལ་ལ་ཐེ་ཇུས་བྱེད་པའི་གནད་དོན་ལ་དམིགས་ཏེ། ང་ཚོས་དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ནུས་པ་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན། ཁྱབ་ཁོངས་ཁ་ཤས་སུ་བྱུང་བའི་ཚུལ་མཐུན་མིན་པའི་འགྲན་རྩོད་ཀྱི་གནད་དོན་ལ་དམིགས་ཏེ། ང་ཚོས་སྒེར་སྡོམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཁྲིམས་བསྟར་ལ་ཤུགས་བསྣན་ནས། ཚོང་རའི་དགེ་མཚན་དང་གོ་གནས་སྤྱད་དེ་ཚོང་གཉེར་བྱ་ཡུལ་གཞན་དག་གི་འཕེལ་རྒྱས་བར་སྟོང་ལ་ཚོད་འཛིན་བྱེད་པ་སོགས་ཀྱི་བྱ་སྤྱོད་མཐའ་གཅིག་ཏུ་ཡོ་བསྲང་དང་བཅོས་སྐྱོང་བྱ་རྒྱུ་ཡིན།
ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་མཐོར་གཏོང་དགོས། 《གྲོས་གཞིའི》ནང“སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་གྱི་སྣེ་ཁྲིད་ནུས་པ་སྔར་ལས་འདོན་སྤེལ་བྱེད་པ་དང་། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཇེ་ཚང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྟན་ཐོག་རྒྱང་སྐྱོད་ལ་འགན་སྲུང་བྱེད་དགོས”ཞེས་བཏོན་ཡོད།
ནོར་སྲིད་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་།ལན་ཧྥོ་ཨན་གྱིས་བཤད་རྒྱུར།
“ལོ་ལྔའི་འཆར་འགོད་བཅུ་ལྔ་བའི”དུས་སྐབས་སུ། ང་ཚོས་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་ལ་སྔར་བས་དོ་སྣང་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། སྤྱི་ཚོགས་འདྲ་མཉམ། ཁྲོམ་ར་གཅིག་གྱུར་སོགས་ཀྱི་ཁྲལ་བསྡུ་ནུས་པ་འབད་པས་འདོན་སྤེལ་བྱས་ནས། ལུགས་མཐུན་གྱི་སྤྱི་ཁོག་ཁྲལ་འཕྲི་ཆུ་ཚད་རྒྱུན་འཁྱོངས་བྱ་རྒྱུ་ཡིན། “ཧུར་བརྩོན་རང་བཞིན་གཉིས”ལ་སྐུལ་སློང་བྱ་རྒྱུར་སྔར་བས་དོ་སྣང་བྱས་ཏེ། ཀྲུང་དབྱང་དང་ས་གནས་ནོར་སྲིད་བར་གྱི་འབྲེལ་བ་ཇེ་ལེགས་སུ་བཏང་སྟེ། ཀྲུང་དབྱང་གི་དོན་གཅོད་དབང་ཆར་འོས་འཚམ་གྱིས་ཤུགས་སྣོན་པ་དང་། ཀྲུང་དབྱང་གི་ནོར་སྲིད་གཏོང་སྒོའི་བསྡུར་ཚད་ཇེ་མཐོར་བཏང་སྟེ། ནོར་སྲིད་གཏོང་སྤྲོད་སྤོ་བསྒྱུར་མ་ལག་འཐུས་ཚང་དུ་བཏང་ནས་ས་གནས་ཀྱི་རང་བརྟེན་རྒྱུ་སྟོབས་འཕར་སྣོན་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་སྲིད་གཞུང་གི་བུ་ལོན་དོ་དམ་གྱི་ཡུན་ཕན་ལམ་སྲོལ་གང་མགྱོགས་སྒོས་བཙུགས་ཏེ། འཕེལ་རྒྱས་ཁྲོད་བུན་སེལ་བ་དང་བུན་སེལ་བའི་ཁྲོད་འཕེལ་རྒྱས་བཏང་ནས། ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ཇེ་མཐོར་གཏོང་རྒྱུ་ཡིན།