ཀོང་ཏུང་དང་ཞང་ཀང་ཨའོ་མོན་བཅས་མཚོ་ཁུགས་ཆེན་མོའི་ས་ཁུལ་དང་མཚོ་སྔོན་གྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་འོས་སྦྱོར་ཚོགས་འདུ་ཧྲིན་ཀྲིན་དུ་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

ཟླ11པའི་ཚེས14ཉིན། རྩིས་གློག་མཐུན་སྦྱོར་མཉམ་བསྐྲུན་གྱིས་སྤུས་གསར་མ་འོངས་པར་མཉམ་སྐྱོད་བྱེད་ཅེས་པ་བརྗོད་གཞིར་བཟུང་བའི་ཀོང་ཏུང་དང་ཞང་ཀང་ཨའོ་མོན་བཅས་མཚོ་ཁུགས་ཆེན་མོའི་ས་ཁུལ་དང་མཚོ་སྔོན་གྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་འོས་སྦྱོར་ཚོགས་འདུ་ཧྲིན་ཀྲིན་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཀོང་ཏུང་དང་ཞང་ཀང་ཨའོ་མོན་བཅས་མཚོ་ཁུགས་ཆེན་མོའི་ས་ཁུལ་གྱི་ནུས་ཁུངས་གསར་པ་དང་། རྒྱུ་ཆ་གསར་པ། ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཁེ་ལས་བརྒྱ་ལྷག་གི་འཐུས་མི་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཡོད།

འོས་སྦྱོར་ཚོགས་འདུའི་ཡུལ་དངོས་སུ། མཚོ་སྔོན་ཞིང་ཆེན་གཞི་གྲངས་ཅུའུ་དང་། མཚོ་སྔོན་ཞིང་ཆེན་ནུས་ཁུངས་ཅུའུ་ཡིས་སོ་སོར་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་འོས་སྦྱོར་བྱས་ཤིང་། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ལྗང་གློག་ཐད་འབྲེལ་སྲིད་ཇུས་འགྲེལ་ཀློག་བྱས། ཀྲུང་གོ་གློག་འཕྲིན་མཚོ་སྔོན་ཡན་ལག་ཀུང་སི། ཀྲུང་གོ་འབྲེལ་འཕྲིན་མཚོ་སྔོན་ཡན་ལག་ཀུང་སི། ཀྲུང་གོ་དབྱི་ཏུང་མཚོ་སྔོན་ཞིང་ཆེན་གྱི་ཀུང་སིའི་འགན་འཁུར་བློ་མཐུན་གྱིས་སོ་སོས་མཚོ་སྔོན་དུ་ཡོད་པའི་རྩིས་ནུས་ཐོན་ཁུངས་ཀྱི་བཀོད་པ་མཚམས་སྦྱོར་བྱས། ཀྲུང་གོ་ཀོང་ཧི་སྡེ་ཚོགས་ཀུང་སི་དང་། ཀྲུང་ཞིན་རྒྱས་འཕྲིན་མ་རྐང་ཚད་ཡོད་ཀུང་སི། ཐིན་ཞུན་ཀུང་སི་སོགས་ཀོང་ཏུང་དང་ཞང་ཀང་ཨའོ་མོན་བཅས་མཚོ་ཁུགས་ཆེན་མོའི་ས་ཁུལ་གྱི་ཁེ་ལས་འཐུས་མིས་གཙོ་དོན་གཏམ་བཤད་སྤེལ། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཡུལ་གཞན་ཚོང་ཚོགས13གྱི་འཐུས་མིར་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཚོང་འགུག་ཕོ་ཉའི་གདན་ཞུ་ཐོབ། འོས་སྦྱོར་ཚོགས་ཐོག་ཏུ། མཚོ་ཤར་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་གླིང་དང་། རིག་རྡུལ་རིག་རྩིས་ལྟེ་གནས། ཝུན་ཧྲིན་བརྙན་རིས་དཔེ་དབྱིབས་ཆེན་མོའི་རྩིས་ནུས་ཟད་གཏོང་བེད་སྤྱོད་གཏོང་བ་སོགས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་གྲངས་ལ་གཅིག་སྡུས་གན་རྒྱ་བཞག

ན་ནིང་གི་ཚུན་དུ། མཚོ་སྔོན་གྱིས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུ་དེ་སྐྱེ་ཁམས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་དང་། དག་གཙང་ནུས་ཁུངས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་གདམ་ཀ་ལེགས་ཤོས་སུ་བརྩིས་ཏེ། བརྟན་འཇགས་ཀྱི་ལྗང་གློག་མཁོ་འདོན་དང་། རྒྱ་ཆེ་བའི་འཕེལ་རྒྱས་བར་སྟོང་། རྒྱུན་མཐུད་ལེགས་སྒྱུར་གྱི་ཚོང་གཉེར་ཁོར་ཡུག་བཅས་ལ་གཞི་བཅོལ་ནས། པའེ་ཏུའུ་དང་། 360། ཁི་ཏ་ཞུན་ཧྥེ་སོགས་ཕུལ་བྱུང་ཁེ་ལས་མཚོ་སྔོན་དུ་བཀུག་ནས་གཞི་ཚུགས་པར་བྱས་ལ། ཞིང་ཆེན་ཡོངས་སུ་འཛུགས་གྲུབ་བྱེད་དང་བྱས་ཟིན་གྱི་ཚད་ལྡན་འཕྲུལ་ཆས་སྒྲོམ་གཞི་འབུམ་གཅིག་ཁྲི་དགུ་ལས་བརྒལ་ཞིང་། རིག་རྩིས་ཚད་བརྒལ་རྩིས་ནུས་ཀྱི་གཞི་ཁྱོནPཁྲི་གཅིག་དང་སྟོང་བརྒྱད་ལས་བརྒལ་བ་དང་། རྩིས་ནུས་གཞི་ཁྱོན་ལོ་སྔོན་མ་དང་བསྡུར་ན་ལྡབ40ལྷག་འཕར་སྣོན་བྱུང་བས། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱིས་གྲུབ་འབྲས་མི་དམན་པ་བླངས་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།