ལི་ཆང་གིས་ཨུ་རི་སིའི་ཙུང་ལི་མཱིས་ཧྲུའུ་སི་ཅིན་ལ་མཇལ་འཕྲད་གནང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ས་དེའི་དུས་ཚོད་ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མོ་སི་ཁོ་རུ་ཨུ་རི་སིའི་ཙུང་ལི་

                                                                        མཱིས་ཧྲུའུ་སི་ཅིན་དང་ཐུག་འཕྲད་གནང་།

ས་དེའི་དུས་ཚོད་ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མོ་སི་ཁོ་རུ་ཨུ་རི་སིའི་ཙུང་ལི་མཱིས་ཧྲུའུ་སི་ཅིན་དང་མཇལ་འཕྲད་གནང་།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རི་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་བཅུ་གསུམ་པ་ཉེ་སྔོན་ཧང་ཀྲིའུ་རུ་བསྡུས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིན་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བྱེད་པ་དང་།  ཀྲུང་གོ་དང་ཨུ་རི་སིའི་ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རིམ་ཕྱོགས་ཡོངས་ནས་གསལ་འགྲེལ་བྱེད་རྒྱུ་དམིགས་སུ་བཟུང་ནས། གོ་རིམ་རྗེས་མའི་མཉམ་ལས་གཙོ་བོར་འཆར་འགོད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རི་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་ལ་བརྩི་འཇོག་བྱེད་ཅིང་། མཐུན་སྦྱོར་སྦྲེལ་མཐུད་ལ་སྔར་ལས་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོས་ཨུ་རི་སི་ཕྱོགས་དང་མཉམ་དུ་དངུལ་གཏོང་དང་། ནུས་ཁུངས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཨུ་རི་སིའི་སྔར་ལས་མང་བའི་ཞིང་ཞོར་ཐོན་རྫས་ཀྲུང་གོའི་ཚོང་རའི་ཁྲོད་ཡོང་བར་དགའ་བསུ་ཞུ་བཞིན་ཡོད། ཨུ་རི་སི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱི་ཨུ་རི་སིའི་དངུལ་གཏོང་བདག་གཉེར་ཐད་སྔར་ལས་མང་བའི་སྟབས་བདེ་བསྐྲུན་པའི་རེ་བ་ཡོད། ཕྱོགས་གཉིས་ཀྱིས་མི་ཆོས་བརྗེ་རེས་མུ་མཐུད་ཁྱབ་ཆེར་སྤེལ་ཏེ། རིག་གནས་དང་སློབ་གསོ། གློག་བརྙན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཨུ་རི་སིའི་འབྲེལ་བའི་ཐད་སྔར་ལས་མང་བའི་མི་ཆོས་རིག་གནས་ཀྱི་བརྩེ་བ་སྣོན་འདོད་ཡོད། ད་ལོའི་ཟླ9པར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐེན་ཅིན་རྩེ་ཚོགས་ཀྱིས་ལམ་ཚད་རྡོ་རིང་ལྟ་བུའི་གཡུར་དུ་ཟ་བའི་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད། ཀྲུང་གོས་ཨུ་རི་སི་ཕྱོགས་དང་མཉམ་དུ་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་ཅིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕྱོགས་སོ་སོས་ཧྲང་ཧའེ་ཡི་སྙིང་སྟོབས་རྒྱུང་སྲིང་བྱས་ཏེ། མགོ་ཁྲིད་པས་བཀོད་པའི་འཆར་འགོད་རེའུ་མིག་སྔ་མོ་ནས་དོན་དངོས་སུ་བསྒྱུར་འདོད་ཡོད་ལ། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་སྒུལ་ནུས་རྒྱ་བསྐྱེད་པ་དང་། དུས་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྐྱེན་སྲོལ་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཤུགས་རྐྱེན་ཐེབས་ནུས་ཇེ་མཐོར་གཏོང་བ། རྒྱ་ཆེའི་འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་དང་མཐུན་སྒྲིལ་བྱས་ནས། འདྲ་མཉམ་གོ་རིམ་ཡོད་པའི་འཛམ་གླིང་སྣེ་མང་ཅན་དང་སྤྱི་ཕན་བཟོད་སྒོམ་གྱི་དཔལ་འབྱོར་འཛམ་གླིང་ཅན་མངོན་འགྱུར་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།

མཱིས་ཧྲུའུ་སི་ཅིན་གྱིས་བསྟན་དོན། མིག་སྔར་ཨུ་རི་སི་དང་ཀྲུང་གོ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་སྔར་མེད་ཀྱི་ཆུ་ཚད་མཐོན་པོར་གནས་ཡོད། ཨུ་རི་སིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམ་པ་སོ་སོའི་གྲོས་མོལ་དང་འགྲོ་འོང་སྔར་ལས་དམ་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། ཞིང་ལས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མཉམ་ལས་ཀྱི་འཕར་གཞི་གསར་པ་བསྐྲུན་པ་དང་། ཁྱིམ་མཚེས་མཛའ་འབྲེལ་ཟབ་མོའི་རྒྱུན་བསྲིངས་འདོད་ཡོད་ཅིང་། ཨུ་རི་སི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཨུ་རི་སིར་ཡོང་ནས་དངུལ་གཏོང་བདག་གཉེར་བྱེད་པར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་འདོད་ཡོད། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་དུས་སྐབས་སུ་བྱས་འབྲས་ཁྱད་འཕགས་བླངས་ཤིང་ལྷག་པར་ཐེན་ཅིན་རྩེ་ཚོགས་བདེ་བླག་ངང་འཚོགས་པར་བཀའ་དྲིན་ཆེ་ཞུ། ཨུ་རི་སིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྐྱེན་སྲོལ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་མང་བའི་བྱས་རྗེས་འཇོག་འདོད་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།