
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་བསྟུད་མར་གཏིང་ཟབ་ཏུ་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞུང་སྒྲུབ་ཁང་གིས2021ལོར་པར་སྐྲུན་བྱས་པའི《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་སློབ་སྦྱོང་རྩ་གནད》ལ་བཟོ་བཅོས་དང་། 《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་སློབ་སྦྱོང་རྩ་གནད(2025པར་གཞི)》ཡི་དཔེ་དེབ་སྒྲིག་འཛུགས་རྩོམ་སྒྲིག་བྱས་ཤིང་། མི་དམངས་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་སྒོས་པར་སྐྲུན་བྱས་པ་དང་། ཚེས18ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཁྲིམས་སྐྱོང་ངེས་གནས་དང་། ཁྲིམས་སྐྱོང་བཀོད་སྒྲིག ཁྲིམས་སྐྱོང་ལག་ལེན་ནན་མོ་བཅས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་དེ་ཀྲུང་གོའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་གསར་གཏོད་རང་བཞིན་གྱིས་བཏོན་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གྲུབ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་ཀྱི་གསར་གཏོད་འཕེལ་རྒྱས་གལ་ཆེན་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཡིན་པར་མ་ཟད། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་བསྲུང་བྱ་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡང་ཡིན།
《རྩ་གནད(2025ལོའི་པར་གཞི)》ལ་ཁྱོན་བསྡོམས་ལེའུ14དང་། རིགས51 དོན་ཚན142 ཡིག་འབྲུ་ཆིག་འབུམ་ལྔ་སྟོང་བཅས་ཡོད། དེབ་ཡོངས་སུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་དོན་སྙིང་གལ་ཆེན་དང་། ནང་དོན་གཙོ་བོ། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཏེ། དགོངས་པའི་འཕེལ་རྒྱས་གསར་ཤོས་གང་ལེགས་སྒོས་མཚོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིམས་སྐྱོང་ཁྱབ་ཁོངས་ཁྲོད་ཀྱི་གདོད་མའི་གསར་གཏོད་རང་བཞིན་གྱི་བྱས་རྗེས་ཁྱོན་ཡོངས་ནས་མཚོན་ཡོད། 《རྩ་གནད(2025ལོའི་པར་གཞི)》ཡི་ནང་དོན་ཕུན་སུམ་ཚོགས་པ་དང་། གྲུབ་ཚུལ་ལེགས་ཤིང་། མ་རྩོམ་དང་བསྟུན་ཅི་ཐུབ་བྱས་པར་མ་ཟད། རྩོམ་སྲོལ་བབ་ཆགས་ལ་གསོན་ཉམས་དོད་པས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་དབང་ཟིལ་རང་བཞིན་གྱི་ཟུར་ཁྲིད་ཀློག་དེབ་ཅིག་རེད།
ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞུང་སྒྲུབ་ཁང་གིས་བརྡ་ཐོ་བཏང་སྟེ། 《རྩ་གནད(2025ལོའི་པར་གཞི)》དེ་ཏང་ཨུའི(ཏང་ཙུའུ)གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་། ལས་བྱེད་པའི་གསོ་སྦྱོང་། ཏང་ཡོན་གྱི་སློབ་སྦྱོང་བཅས་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ཏེ། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། དུས་ཐོག་ཏུ་སློབ་སྦྱོང་། བསམ་བློ་གཏིང་ཟབ་བཏང་ནས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་ཀར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། སྔར་ལས་རང་རྟོགས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་བརྟེན་ནས་གནད་དོན་དངོས་ལ་མཛུབ་སྟོན་དབྱེ་ཞིབ་དང་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་པ། སློབ་སྦྱོང་གི་ཕན་འབྲས་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དངོས་སུ་བསྒྱུར་ཞིང་། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཁྲོད་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས་པའི་བླང་བྱ་བཏོན།