

ས་དེའི་དུས་ཚོད་ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མོ་སི་ཁོ་རུ་ཨུ་རུ་སིའི་ཙུང་ལི་སྨི་ཧྲུའུ་སི་ཅིན་ལ་མཇལ་འཕྲད་གནང་།
ས་དེའི་དུས་ཚོད་ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མོ་སི་ཁོ་རུ་ཨུ་རུ་སིའི་ཙུང་ལི་སྨི་ཧྲུའུ་སི་ཅིན་ལ་མཇལ་འཕྲད་གནང་།
ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་གཏན་མཇལ་འཛོམས་ཐེངས་སུམ་ཅུ་པ་སྔོན་ཏག་ཏག་ལ་ཧང་ཀྲོའུ་རུ་སྤེལ་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིན་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། དུས་རིམ་རྗེས་མའི་གཙོ་གནད་མཉམ་ལས་ལ་འཆར་འགོད་བྱས། ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་ལ་བརྩི་སྲུང་བྱས་ཏེ། འབྲེལ་འདྲིས་སྦྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་པ་དང་། དངུལ་གཏོང་དང་ནུས་ཁུངས། ཞིང་ལས། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱ་འདོད་ཡོད། ད་ལོའི་ཟླ་དགུ་པར། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཐེན་ཅིན་རྩེ་ཚོགས་ཐད་གཡུར་ཟའི་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱོགས་དང་མཉམ་དུ་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕྱོགས་སོ་སོས“ཧྲང་ཧའེ་ཡི་སྙིང་སྟོབས”སྲུང་འཛིན་བྱ་རྒྱུར་སྐུལ་འདེད་བཏང་ནས། འགོ་ཁྲིད་པས་འཆར་འགོད་བྱས་པའི་འཕེལ་རྒྱས་ཀྱི་འཆར་གཞི་སྔ་མོ་ནས་མངོན་འགྱུར་བྱ་འདོད་ཡོད།
སྨི་ཧྲུའུ་སི་ཅིན་གྱིས་བསྟན་དོན། ད་ལྟ་ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་སྔར་བྱུང་མྱོང་མེད་པའི་ཆུ་ཚད་མཐོན་པོ་ཞིག་ཏུ་སླེབས་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམ་པ་སོ་སོའི་གླེང་མོལ་འགྲོ་འོང་སྔར་ལས་ཇེ་དམ་དུ་བཏང་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། ཞིང་ལས། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྒྲོམ་གཞིའི་ཁྲོད་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད།