

ཟླ11པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་མཉམ་འབྲེལ་ཀྲུའུ་ཞི་དང་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ལི་གཞོན་པ། ནོར་སྲིད་པུའུ་ཀྲང་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ཁེ་ལིན་པེ་ཨར་གྱིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཚེས18ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་མཉམ་འབྲེལ་ཀྲུའུ་ཞི་དང་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ལི་གཞོན་པ། ནོར་སྲིད་པུའུ་ཀྲང་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ཁེ་ལིན་པེ་ཨར་གྱིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོའི་ཟླ5པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་མོ་ཚི་དང་ཞལ་པར་བཏང་ནས། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་བརྗེ་རེས་ཇེ་ཟབ་ཏུ་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ། སྐྱོན་བྲལ་བརྟན་བརླིང་གི་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་ལ། ཀྲུང་གོ་དང་ཡོ་རོབ་ཀྱི་ལས་རིགས་ཁག་གི་རེ་སྒུག་དང་ཡང་མཐུན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་བྱས་རྗེས་གང་ལེགས་འཇོག་འདོད་ཡོད།
ཁེ་ལིན་པེ་ཨར་གྱིས་བསྟན་དོན། ཀྲུང་གོ་ནི་འཇར་མན་གྱི་གྲོགས་པོ་གལ་ཆེན་ཡིན་ལ། རྒྱལ་ཁབ་གཉིས་ཀས་འཛམ་གླིང་གི་མ་འོངས་པར་འགན་འཁྲི་གལ་ཆེན་འཁུར་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་གང་ལེགས་བྱས་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་འཐབ་ཇུས་གླེང་མོལ་ལ་ཤུགས་བསྣན་ནས། ཕན་ཚུན་སྔར་ལས་རྒྱུས་ལོན་བྱེད་འདོད་ཡོད།
ཝང་ཏུང་ཧྥུན་སོགས་མཇལ་འཕྲད་ལ་ཞུགས།