

ཟླ11པའི་ཚེས18ཉིན། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གཉིས་པའི་འགོ་རྩོམ་མཛད་སྒོ་ཧྲའན་ཞིའི་ཞི་ཨན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གཉིས་པའི་འགོ་རྩོམ་མཛད་སྒོ་ཚེས18ཉིན་ཧྲའན་ཞིའི་ཞི་ཨན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་དེ་སྤུས་ཚད་སྔར་བས་ལེགས་པ་དང་ཕན་འབྲས་སྔར་ལས་ལེགས་པ། སྔར་ལས་བདེ་འཇགས་ཡིན་པ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། ཀྲུང་གོ་དང་་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ནི་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་ལས་གཞི་གཙོ་བོ་ཞིག་ཡིན་པའི་ཆ་ནས། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ཞིང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱུང་སྟེ། འགྱེད་འཕྲོའི་ནུས་པ་དང་སྐུལ་ཁྲིད་ནུས་པ། ཤུགས་རྐྱེན་བཅས་ལྡན་པའི་རྒྱལ་སྤྱིའི་དངོས་རྒྱུག་ཟོང་རྟགས་ཤིག་ཏུ་གྱུར་ཡོད།
ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཀྲུང་གོའི་མ་འོངས་པའི་ལོ5ཡི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་དར་གོས་ཚོང་ལམ་གྱི་སྙིང་སྟོབས་ལ་བརྟེན་ནས་འབྲེལ་འདྲིས་དང་མཉམ་ལས་ཧུར་ཐག་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཁོང་གིས་གྲོས་གཞི་ཁག་བཞི་བཏོན་པ་སྟེ། གཅིག་ནི་སྒོ་འབྱེད་མཉམ་སྦྲེལ་ལ་ཤུགས་སྣོན་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྒྲིག་སྲོལ་གྱི་ཚད་གཞིའི་མཐུན་སྦྱོར་འབྲེལ་མཐུད་གཏིང་ཟབ་བཏང་ནས། སྣ་མང་བགྲོད་ལམ་གྱི་དགེ་མཚན་སྲ་བརྟན་དང་ཇེ་ལེགས་སུ་གཏོང་དགོས། གཉིས་ནི་མཉམ་ལས་གསར་གཏོད་ལ་ཤུགས་སྣོན་པ་དང་། མཐོ་གསར་ལག་རྩལ་གྱི་བེད་སྤྱོད་ཧུར་ཐག་གིས་ཁྱབ་གདལ་བཏང་ནས། རྒྱུན་མཐུད་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གསོ་སྐྱོང་བྱ་དགོས། གསུམ་ནི་ཉེན་ཁའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་དང་། ཁྲིམས་བསྟར་བརྗེ་རེས་ཀྱི་མཉམ་ལས་ལམ་སྲོལ་ཆ་ཚང་བཙུགས་ནས། བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། བཞི་ནི་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་པ་དང་། དངོས་རྒྱུག་ཤར་གཏོང་དང་ཉོ་འཚོང་འཕེལ་རྒྱས། ཐོན་ལས་རིམ་སྤོར་བཅས་ཀྱི་འཁོར་རྒྱུག་བཟང་པོ་མངོན་འགྱུར་བྱས་ཏེ། ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་ཡིན།
པུར་ཀ་རི་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་གཙོ་གཞོན་པ་ཅཱ་ནེ་ཧྥུའུ་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཟླ11པའི་ཚེས18ཉིན། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གཉིས་པའི་འགོ་རྩོམ་མཛད་སྒོ་ཧྲའན་ཞིའི་ཞི་ཨན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། འདི་ནི་མཛད་སྒོའི་རྗེས་སུ། ཏེན་ཞུའེ་ཞང་གིས་པུར་ཀ་རི་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་གཙོ་གཞོན་པ་ཅཱ་ནེ་ཧྥུའུ་ལ་མཇལ་འཕྲད་གནང་བའི་རྣམ་པ་རེད།
འགོ་རྩོམ་མཛད་སྒོའི་རྗེས་སུ། ཏེན་ཞུའེ་ཞང་གིས་ཅཱ་ནེ་ཕུའུ་ལ་མཇལ་འཕྲད་གནང་སྟེ། ཀྲུང་གོ་དང་པུར་ཀ་རི་ཡའི་འབྲེལ་བ་དང་དངོས་སྒྲུབ་མཉམ་ལས་ཐད་ནས་དགོངས་འཆར་བརྗེ་རེས་གནང་བ་རེད།
གླེང་སྟེགས་སྤེལ་བའི་རིང་ལ། ཏེན་ཞུའེ་ཞང་གིས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་བཏང་པའི་ལག་ལེན་གྱི་དྲན་གསོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་།
སྐབས་འདིའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“ཨེ་ཤ་ཡ་དང་ཡོ་རོབ་གླིང་སྦྲེལ་མཐུད་ཀྱིས་མ་འོངས་མཉམ་སྤྱོད་བྱེད”ཅེས་པ་དེ་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་མི་སྣ450ཙམ་འགོ་རྩོམ་མཛད་སྒོར་ཞུགས།