
ཟླ11པའི་ཚེས19ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཆེད་དོན་དཔྱད་གླེང་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཉིས་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས་བཞུགས་མོལ་བརྗེ་རེས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་འདུའི་ཐོག མཱ་ཡུའེ་ཞང་དང་། ཝང་ཧྭ་ཕིང་། མགར་བ་ངག་དབང་བཟང་པོ། ཐུང་ཕིང་ཨན། མཱ་རུའུ་ཡུན། རྒྱ་ཡེ་བློ་བཟང་དཀོན་མཆོག་བསམ་འཕེལ། པདྨ་ལྷུན་འགྲུབ། མཱ་ཕིན་ཀྲུང་སོགས་ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་སྡེ་ཁག་གི་ཨུ་ཡོན་དང་། ཆེད་མཁས་ཤེས་ཡོན་པ་བཅས་ཟུང་འབྲེལ་གྱིས་བརྗེ་རེས་གཏམ་བཤད་སྤེལ། ཚང་མས་གཅིག་གྱུར་གྱིས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་མ་ལག་ལྡན་པར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་ལས་འགན་གཙོ་བོ་ཕྱོགས་ཡོངས་ནས་གསལ་འགྲེལ་གནང་ཞིང་། དེར་ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། གཞུང་ལུགས་རང་བཞིན་བཅས་ཤུགས་དྲག་ཅིང་། དེ་ནི་ལས་འགན་ཡི་གེ་ཡིན་པར་མ་ཟད་ལམ་ཐིག་རི་མོའང་ཡིན་པར་འདོད་ལ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་བླངས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་སྣེ་ཁྲིད་ཧུར་ཐག་བྱེད་རྒྱུའི་ཚུལ་བསྟན།
མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད་ལ་ནན་ཏན་གྱིས་ཉན་ཞིང་མཚམས་རེར་ཚང་མ་དང་མཉམ་དུ་གྲོས་སྡུར་བརྗེ་རེས་བྱས། ཁོས་བཤད་རྒྱུར། མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་ས་ཞིག་དང་ཆོས་ལུགས་མང་པོ་མཉམ་དུ་གནས་ས་ཞིག་ཡིན་པས། མི་རིགས་ཆོས་ལུགས་བྱ་བའི་ཞིང་ཆེན་ཆེན་པོ་ཞིག་ཡིན་པས་ན། མི་རིགས་ཆོས་ལུགས་བྱ་བ་ལེགས་པོར་སྒྲུབ་རྒྱུ་ནི་མཚོ་སྔོན་ལ་མཚོན་ནས་བཤད་ན་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐར་བར་གསུམ་དུ་ཆོས་ལུགས་བྱ་བ་དེ་གོ་གནས་གལ་ཆེན་ཞིག་ཏུ་བཞག་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་ལེན་དགོས་ཤིང་། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། དུས་རབས་གསར་པའི་ཆོས་ལུགས་བྱ་བས་གྲུབ་འབྲས་ལེན་པར་ཧུར་ཐག་སྒོས་སྐུལ་འདེད་གཏོང་དགོས། ཐེངས་འདིར་ཆེད་དོན་སློབ་སྦྱོང་དཔྱད་གླེང་ཚོགས་འདུ་བསྡུས་པའི་དམིགས་ཡུལ་གཙོ་བོ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཨུ་ཡོན་གྱི་སྣེ་ཁྲིད་ནས་ཏང་དང་སྲིད་གཞུང་གིས་དད་ལྡན་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་འབྲེལ་ཟམ་སྒྲོག་ཐག་ལྟ་བུའི་བྱེད་ནུས་འདོན་སྤེལ་བཟང་པོ་བྱས་ཏེ། རང་ཞིང་གི་ཆོས་ལུགས་ཞི་མཐུན་དང་མི་རིགས་འགྲིག་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་ཆེད་ཨུ་ཡོན་གྱི་སྟོབས་ཤུགས་འབུལ་དགོས།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་རྒྱུས་ལོན་གཏིང་ཟབ་དང་སྟངས་འཛིན་ནན་མོ་བྱས་ཏེ། སྲོག་ཤིང་རྩ་གནད་ཁོང་དུ་ཆུད་པ་དང་ལག་ལེན་བླང་བྱར་ངོས་འཛིན་ཡང་དག་བྱེད་དགོས་ལ། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཆོས་ལུགས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སྟེང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཤིང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་སྐུལ་ཁྲིད་བྱེད་དགོས། སྲིད་གྲོས་ཀྱི་དོན་དངོས་ལ་རྐང་འཛུགས་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་མ་ལག་ལྡན་པའི་སྐུལ་འདེད་གཏོང་བར་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་བློ་འདོན་ཇུས་འབུལ་མཐའ་འཁྱོལ་བྱེད་དགོས་ལ། ཞིབ་འཇུག་གི་རིན་ཐང་ལྡན་པའི་གྲོས་གཞི་དང་བསམ་ཚུལ་སྐོར་ཞིག་གྲུབ་པར་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མི་རིགས་དང་ཆོས་ལུགས་བྱ་བའི་མཚོ་སྔོན་གྱི་དཔེ་གཞི་བསྐྲུན་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།