ཞིང་ཆེན་སྲིད་གཞུང་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ11པའི་ཚེས19ཉིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚུན་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ།《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་ལྔ་པར་ཆེད་དོན་སློབ་སྦྱོང་བྱས།  ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

ཚོགས་འདུའི་ཐོག་ཀྲང་ཅིན་ཀང་དང་ཝང་ཧའེ་ཧུང་གིས《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་ལྔ་པའི་འབྲེལ་ཡོད་ནང་དོན་སློབ་ཁྲིད་བྱས་པ་དང་། ལིའུ་ཐའོ་དང་དབྱང་ཀྲི་ཝུན། ལིའུ་ཁྲའོ། ལི་ཧུང་ཡ། ཁྲིན་ཅི་ཝེ། སུའུ་ཆོན་རིན་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས།

ལུའོ་ཏུང་ཁྲོན་གྱིས《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་ལྔ་པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་འཐབ་རྩོད་མུ་མཐུད་དུ་སྤེལ་བ་དང་། རླབས་ཆེན་བཟོ་སྐྲུན་འཛུགས་སྐྲུན། རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བ། རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་གསོན་ཉམས་དོད་པའི་སྒོ་ནས་ཟིན་བྲིས་སུ་བཀོད་པ་དང་།  ང་ཚོའི་ཏང་གིས“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་བ་གཅིག་སྡུད་སྒོས་མཚོན་པ་དང་། དེ་ནི་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སྔར་ལས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དབང་གྲགས་ལྡན་པའི་བསམ་བློ་ཞིག་རེད།《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་པ》ཞེས་པའི་བམ་པོ་ལྔ་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ངེས་པར་དུ་སློབ་སྦྱོང་བྱས་ཏེ།    དེའི་སྲོག་ཤིང་གི་དོན་སྙིང་དང་། བསམ་པའི་ངོ་བོ། གོ་དོན་ཕུན་སུམ་ཚོགས་པ་དང་ལག་ལེན་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ།    “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་གཏིང་ཟབ་ལེན་པ་དང་།    “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་བྱས་ཏེ།   སློབ་སྦྱོང་གི་གྲུབ་འབྲས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་དང་། དངོས་སྒྲུབ་བྱ་ཐབས།  ཕུལ་དུ་བྱུང་བའི་གྲུབ་འབྲས་བཅས་སུ་བསྒྱུར་དགོས་ཞེས་བསྟན།

ལུའོ་ཏུང་ཁྲོན་གྱིས་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་ཏུ་གཏོང་བའི་ཐད་ཀྱི་མངོན་འགྱུར་གསར་པ་མཐོར་འདེགས་གཏོང་དགོས།    《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》བམ་པོ་ལྔ་པ་སློབ་སྦྱོང་བྱེད་པ་དང་བམ་པོ་དང་པོ་ནས་བཞི་པ་སློབ་སྦྱོང་བྱང་ཆུབ་པ་བྱེད་པ་དང་།    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་རྒྱུན་འཁྱོངས་ལྷོད་མེད་སྒོས་བློ་སྒྲིལ་སེམས་བསྐྱེད་བྱ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱ་སྤྱོད་གསར་པ་མངོན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཕྲེང་བསྲིང་ཕྲེང་གསབ་ཕྲེང་རྒྱས་བསྐྲུན་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཏིང་ཟབ་པའི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་།    ནང་ལོག་དང་ཕྱི་ཕྱོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས།  དམངས་ཚིས་ཀྱི་བདེ་སྐྱིད་ཐད་གྲུབ་འབྲས་གསར་པ་བླངས་ནས། སློབ་གསོ་དང་སྨན་བཅོས། སྤྱི་ཚོགས་འགན་སྲུང་། རྒན་གསོ། བུ་བཅོལ་སོགས་དམངས་ཚིས་ལས་དོན་བཟང་པོར་སྒྲུབས་ནས། མཉམ་དུ་འབྱོར་ཕྱུག་བྱེད་པར་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་། རྣམ་པ་གསར་པའི་མཁར་གྲོང་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྲ་བརྟན་དུ་གཏོང་དགོས། སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་ཐད་སྐས་རིམ་གསར་པ་སྙེག་པར་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་སྲིད་འཛིན་བྱེད་པར་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་དངོས་སྒྲུབ་བྱ་སྤྱོད་དར་སྤེལ་བཏང་ནས། བློ་བརྟན་འགྱུར་མེད་སྒོས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་བྱས་ཏེ། མི་དམངས་ཀྱིས་ཡིད་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་སྲིད་གཞུང་གསར་སྐྲུན། སྤྱོད་གཙང་སྲིད་གཞུང་དང་ཞབས་ཞུའི་རྣམ་པའི་སྲིད་གཞུང་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས་པ་ནན་གྱིས་བསྟན།

ཤ་བོ་རིན་མཚོས་བསྒྱུར།