ཧྥུའུ་ཅན་ཞ་མོན་གྱིས་བདེ་སྡོད་ལས་གཉེར་ལ་འཚམ་པའི་གྲོང་ཁྱེར་བསྐྲུན་ནས་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱས་པ་དང་། ཧེ་ལུང་ཅང་ཆི་ཐའེ་ཧི་གྲོང་ཁྱེར་གྱི་དམངས་འཚོའི་བཟོ་སྐྲུན་ལག་བསྟར་བྱས་ནས་མང་ཚོགས་ལ་དྲོད་ཁོལ་སྦྱིན།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བསྟན། ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དང་ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧི་གྲོང་ཁྱེར་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།  ཀུན་ཕན་རང་བཞིན་དང་།  རྨང་གཞིའི་རང་བཞིན།  མཐའ་སྲུང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་བསྣན་ནས་མང་ཚོགས་ཀྱི་བདེ་སྣང་དང་ཐོབ་སྣང་རྒྱུན་ཆད་མེད་པར་མཐོ་རུ་བཏང་།

ཞ་མོན་ཧུའུ་ལི་ཆུས་ཧོའུ་ཧྥུའུ་མཁར་སྡེ་ཡིས“ལས་བསྡུ་ས་ཚིགས་” ཀྱི་བརྙན་ཤེལ་ཆེན་པོའི་སྟེང་ལས་མི་བསྡུ་བའི་ཆ་འཕྲིན་བདུན་བརྒྱ་ལྷག་དུས་དང་རྣམ་པ་ཀུན་ཏུ་གསར་སྒྱུར་དང་བརྗེ་འགྱུར་བྱེད་བཞིན་ཡོད།   དུས་ཐུང་གླ་པ་དང་ཞོར་ལས་པ་སོགས་ལས་གནས་སྣ་ཚོགས་ཀྱི་གདམ་ག་ཕུན་སུམ་ཚོགས་པོ་ཡོད་པ་དང་།  ལས་ཀའི་དུས་ཡུན་རིང་ཐུང་དང་གླ་ཕོགས་བལྟས་པ་ཙམ་གྱིས་ཤེས་ཐུབ།  ཧོའུ་ཧྥུའུ་མཁར་སྡེའི་ཕྱི་ནས་ཡོང་བའི་འཁོར་རྒྱུག་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་དྲུག་ཅུའི་ཡན་ཟིན་ཡོད་ཅིང་། ལོ་ན་ཅུང་ཆེ་བ་དང་ཆེད་ལས་རྩལ་ནུས་ཞན་པའི་སྡེ་མི་སྐོར་ཞིག་གི་ངོས་ནས་བརྗོད་ན། སྒོ་འགྲམ་གྱི“ལས་བསྡུ་ས་ཚིགས”ཡོད་པས་ཚང་མས་ལས་ཀ་བཙལ་བར་སྟབས་བདེ་བསྐྲུན་ཡོད།

ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་ཧུའུ་ལི་ཆུས་ཧུའུ་ལི་སྲང་ལམ་དམངས་འཚོ་ཞབས་ཞུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲའོ་ཁི་ཁྲའོ་ཡིས་བཤད་རྒྱུར། མཁར་སྡེ་ནི་གཞི་རིམ་གྱིས་དམངས་འཚོར་ཞབས་འདེགས་ཞུ་བའི་འཐབ་ཕྱོགས་དང་པོ་ཡིན་ལ། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་“སྒོ་ཁར་བསྐྱལ་བ”དོན་འཁྱོལ་བྱས་ཏེ། སྔར་བས་དྲོད་ཁོལ་ལྡན་ཞིང་སྔར་བས་རིག་ནུས་ལྡན་པའི་དམངས་འཚོའི་ཞབས་ཞུའི་རྣམ་པ་སྤེལ་ནས། སྡེ་མིའི་སྐྱིད་སྣང་ཇེ་མཐོར་གཏོང་དགོས།

ད་ལྟ།  ཞ་མོན་གྱིས་གྲོང་ཁྱེར་ཡོངས་སུ་ཡུལ་དངོས་ལས་བསྡུ་ཁྲོམ་ར་དང་ས་ཚིགས26བཙུགས་པ་དང་། དྲ་ཐོག་ཏུ“ལས་བསྡུ་ས་ཚིགས”ཀྱི་བྱ་རིམ་ཆུང་ངུ་བཏོན་ནས།  ཚང་མར་ཐག་ཉེ་སར་ལས་ཞུགས་དང་བབ་བསྟུན་ལས་ཞུགས་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད།   རྗེས་མར་ཞ་མོན་གྱིས་བྱེད་ཐབས་དུ་མར་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་ཟབ་ཞུགས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་ནས། “རྒན་པ་དང་བྱིས་པ”གཉོར་སྐྱོང་ཞབས་ཞུ་སྔར་བས་ལེགས་བཅོས་དང་། གཞིས་ཁུལ་རྙིང་པ་བསྒྱུར་བཀོད་ལེགས་འགྲུབ། གྲོང་ཁྱེར་གྱི་སྤྱི་གླིང་ཆུང་ཆུང་ཁག་ཅིག་གསར་སྐྲུན་སོགས་བྱས་ཏེ། དམངས་འཚོའི་བཟོ་སྐྲུན་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་གྲོང་མིའི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་།

ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་སྐྱེད་ཚལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལི་ཀྲི་ཆིན་གྱིས་བཤད་རྒྱུར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས།  གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་བསྣན་ཏེ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས་པ་བསྟན།  ང་ཚོས་རྒྱུ་སྤུས་ལེགས་པ་དང་།  བཅོས་སྐྱོང་ཞིབ་ཚགས།  ཞབས་ཞུ་གནད་འཁེལ་སྒོས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་ཧུར་ཐག་གིས་འཛུགས་སྐྲུན་བྱ་རྒྱུ་ཡིན།

ཧེ་ལུང་ཅང་ཆི་ཐའེ་ཧི་གྲོང་ཁྱེར་གྱི་དམངས་འཚོའི་བཟོ་སྐྲུན་ལག་བསྟར་བྱས་ནས་མང་ཚོགས་ལ་དྲོད་ཁོལ་སྦྱིན།

དགུན་ཁར་འདིར། ཧེ་ལུང་ཅང་ཆི་ཐའེ་ཧི་གྲོང་ཁྱེར་ཁྲང་ཞིན་ཡུལ་ཚོ་མ་ཨན་སྡེ་བའི་སྡེ་མིས་རང་ཁྱིམ་དུ་རྡོ་སོལ་བུད་དེ་མེ་ཁ་གསོ་བ་སྐྱུར་ཏེ། གྲོང་ཁྱེར་དང་འདྲ་བའི་གཅིག་སྡུད་དྲོད་འདོན་ལོངས་སྤྱོད་ཐུབ་པས། གནམ་གཤིས་གྲང་མོར་འཕྲད་ཀྱང་སྡེ་མིའི་ཁྱིམ་གྱི་དྲོད་ཚད་ཧྲེ་ཧྲི་ཏུའུ20ཡན་རྒྱུན་འཁྱོངས་ཐུབ་ཀྱིན་ཡོད།

ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧོ་གྲོང་ཁྱེར་ཁྲང་ཞིན་ཡུལ་ཚོ་མ་ཨན་སྡེ་བའི་སྡེ་མི་ཀུའོ་ཧུང་ལི་ཡིས་བཤད་རྒྱུར། སྔོན་ཆད་དགུན་ཁ་ནམ་མ་ལངས་གོང་ཡར་ལངས་ནས་མེ་གསོ་དགོས།  གཅིག་བསྡུས་ཀྱིས་དྲོད་འདོན་བྱས་རྗེས། ང་ཚོ་མི་དར་མ་དང་ཕྲུ་གུ་ཚང་མས་བདེ་སྐྱིད་རོལ་བཞིན་ཡོད།  ཁང་བའི་ནང་དུ་ཐལ་བ་ཆེན་པོ་དེ་འདྲ་མེད་ལ། ཐོག་ཁང་དུ་སྡོད་པ་དང་གཅིག་འདྲ་རེད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”རིང་།  ཆི་ཐའེ་ཧི་གྲོང་ཁྱེར་གྱིས་དྲོད་འདོན་སྦུག་དྲ་སྤྱི་ལེ་དྲུག་ཅུ་ལྷག་བསྒྱུར་བཀོད་བྱས་པ་དང་། དྲོད་འདོན་རྒྱ་ཁྱོན་སྨི་རྒྱ་དཔང་གྲུ་བཞི་མ་ས་ཡ་གཉིས་གསར་དུ་འཕར་སྣོན་བྱུང་སྟེ།  མཁར་གྲོང་གི་ཁྱིམ་གྲངས་ཉིས་ཁྲི་ལྔ་སྟོང་ལྷག་ལ་ཕན་པ་ཐོབ་ཡོད།  ད་ལོ་ས་གནས་ཀྱིས་རིག་ནུས་ཀྱི་དྲོད་རླངས་མཁོ་འདོན་སྟེགས་བུ་ནང་འདྲེན་བྱས་ཏེ།  ས་ཁོངས་སོ་སོའི་དྲོད་འདོན་ཐེག་ཚད་དང་སྡོད་དམངས་ཀྱི་ཁྱིམ་གྱི་དྲོད་གྲང་ལ་གཞིགས་ནས་དུས་ཐོག་དང་གནད་འཁེལ་གྱིས་ཚ་ཁུངས་སྙོམ་སྒྲིག་ཕྱིར་གཏོང་བྱས་པ་དང་།  དྲོད་འདོན་འགན་ལེན་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་དགུན་དུས་ཀྱི་དྲོད་སྐྱིད་ལ་ཁག་ཐེག་བྱས།  ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཤིང་།  ཆི་ཐའེ་ཧི་ཡིས་དོན་དངོས་ནས་རྐང་ཚུགས་ཏེ།  མ་འོངས་པར་ད་དུང་སྡེ་བ་རིམ་པའི་རང་འབབ་ཆུ་ལེགས་སྒྱུར་དང། སྡེ་བའི་ནང་གི་འགྲོ་ལམ་ལེགས་བཅོས་དང་ལམ་སྒྲོན་འཇོག་པ། ཡུལ་མིའི་ངལ་གསོ་ཐང་ཆེན་སོགས་འཛུགས་སྐྲུན་བྱས་ཏེ། གནད་འཁེལ་གྱི་ཞབས་ཞུ་ཡིས་མང་ཚོགས་ཀྱི་བདེ་སྡུག་ཚོར་བ་དང་། ཞན་ཆ་གསབ་པ། མི་འདང་ས་སྐོང་བ།  སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དམངས་འཚོའི་བྱ་བ་དངོས་མང་ཚོགས་ཀྱི་བློ་ལ་འབབ་ཐུབ་པ་བྱེད་རྒྱུ་རེད།

ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧི་གྲོང་ཁྱེར་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡི་རིམ་པ་གཉིས་པའི་རྟོག་ཞིབ་པ་ཨའེ་ལི་ཅེ་ཡིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”ཁ་ཕྱོགས་ཏེ། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། གཞིས་ཁུལ་རྙིང་པ་སྒྱུར་བཀོད་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་གནད་འཁེལ་ཤུགས་འདོན་བྱེད་པ་དང་། བཙོག་ཆུ་ཕྱིར་ཕུད་དང་དྲོད་འདོན། སོལ་རླངས་སོགས་རྨང་གཞིའི་སྒྲིག་བཀོད་རིག་ནུས་ཅན་དུ་བསྒྱུར་བཀོད་དང་སྦུག་དྲ་གསར་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས། སྔར་ལས་བདེ་སྡོད་ལས་བརྩོན་གྱི་གྲོང་ཁྱེར་སྐྲུན་གང་ཐུབ་བྱ་དགོས།