

ཟླ11པའི་ཚེས20ཉིན། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིང་དུ་འཚོགས་ཏེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚའེ་ཆི་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།
རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཟླ11པའི་ཚེས20ཉིན་པེ་ཅིང་དུ་འཚོགས་ཏེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚའེ་ཆི་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།
གྲོས་ཚོགས་ལས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ཏེ། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་ཡོངས་ཁྲོད་ཀྱི་རྒྱལ་སའི་ངེས་གནས་ནུས་པ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། དུས་རབས་གསར་པའི་རྒྱལ་སའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས།
གྲོས་ཚོགས་སྟེང་། ལས་འགན་སོ་སོ་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱ་དགོས། ཀྲུང་དབྱང་གི་སྲིད་དོན་བྱེད་ནུས་ཀྱི་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། སྲིད་དོན་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱ་དགོས། བློ་རྩ་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་རྒྱལ་ས་མ་ཡིན་པའི་བྱེད་ནུས་འགྲེམ་གཏོང་ཐག་གཅོད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཧི་པེ་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས། རིག་དངོས་ཕྱིར་སྤྲོད་དང་སྲུང་སྐྱོང་བེད་སྤྱོད་ལ་ཤུགས་སྣོན་དགོས་པ་དང་། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཀྲུང་དབྱང་དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་འཛུགས་སྐྲུན་ལས་གཞི་གལ་ཆེན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། པེ་ཅིང་དང་། ཐེན་ཅིན། ཧི་པེ་བཅས་ཀྱི་གྲོང་ཁྱེར་མ་ལག་ཇེ་ལེགས་སུ་བཏང་ནས་བར་སྟོང་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་ཏེ། གནད་འཁེལ་ཅན་དང་ཞིབ་ཚགས་ཅན་ལ་ཤུགས་སྣོན་པ་དང་། གྲོང་ཁྱེར་གྱི་མི་འདང་ས་དང་ཞན་སར་ཤུགས་སྣོན་དགོས། བདེ་འཇགས་འཕེལ་རྒྱས་ཀྱི་་འདུ་ཤེས་དེ་རྒྱལ་སའི་འཆར་འགོད་དང་། འཛུགས་སྐྲུན། འཕེལ་རྒྱས། བཅོས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་ཅིང་། བརྗིད་ཆགས་ཀྱི་གྲོང་ཁྱེར་བསྐྲུན་ནས། རྒྱལ་སའི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་བྱ་བའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་དགོས། པེ་ཅིང་གྲོང་ཁྱེར་གྱིས་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁོངས་གཏོགས་ལས་ཁུངས་སོ་སོས་སྲིད་ཇུས་བྱེད་ཐབས་རྒྱུན་མཐུད་ངང་གསར་གཏོད་བྱས་ཏེ། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཀྱི་འཆར་འགོད་ལག་བསྟར་གྱི་ཇུས་གཞི་རྩ་འཛུགས་ལེགས་པོ་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དཔྱད་དཔོག་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་སའི་འཆར་འགོད་ལག་བསྟར་གྱི་ཆུ་ཚད་མཉམ་དུ་ཇེ་མཐོར་གཏོང་དགོས།
གྲོས་ཚོགས་ལས2024ལོའི་པེ་ཅིང་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་དང་། རྒྱལ་སའི་ནུས་པའི་ལྟེ་གནས་ཀྱི་ཚོད་འཛིན་སྒྲིག་སྲོལ། པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་ཕལ་བའི་ཚོད་འཛིན་བཅས་ཀྱི་སྒྲིག་སྲོལ་ལག་བསྟར་བྱས་ཚུལ་བཅས་ཀྱི་སྙན་ཞུར་ཉན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱིན་ལི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཨུ་ཡོན་བཅས་གྲོས་ཚོགས་ལ་ཞུགས།