ལི་ཆང་ལུའུ་སཱ་ཁ་རུ་འབྱོར་ནས་ཙན་པི་ཡར་དངོས་གཞིའི་འཚམས་འདྲི་གནང་འགོ་བརྩམས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 9

 ས་དེའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་དགོང་མོར། ཙན་པི་ཡའི་སྲིད་གཞུང་གི་གདན་ཞུས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཆེད་བཏང་གནམ་གྲུར་བསྡད་དེ་ལུའུ་སཱ་ཁའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་དང་། ཙན་པི་ཡར་དངོས་གཞིའི་འཚམས་འདྲི་གནང་འགོ་བརྩམས།

       ས་དེའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་དགོང་མོར། ཙན་པི་ཡའི་སྲིད་གཞུང་གི་གདན་ཞུས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཆེད་བཏང་གནམ་གྲུར་བསྡད་དེ་ལུའུ་སཱ་ཁའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་དང་། ཙན་པི་ཡར་དངོས་གཞིའི་འཚམས་འདྲི་གནང་འགོ་བརྩམས། ཙན་པི་ཡའི་སྲིད་འཛིན་གཞོན་པ་ནཱ་ལུའུ་མན་ཀི་དང་ཙན་པི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧན་ཅིན་གནམ་གྲུ་ཐང་དུ་ཡོང་ནས་ཕེབས་བསུ་བྱས།

ལི་ཆང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཞི་ཆི་ལའེ་མའི་འཐབ་ཇུས་མཛུབ་ཁྲིད་འོག ཀྲུང་གོ་དང་ཙན་པི་ཡའི་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཀྱི་ཡིད་རྟོན་རྒྱུན་མཐུད་ངང་ཇེ་ཟབ་ཏུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་བླངས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡ་ཕྱོགས་དང་མཉམ་དུ་མུ་མཐུད་དུ་འབད་བརྩོན་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་མཐུད་དང་། གཉིས་ཕན་མཉམ་ལས་ཟབ་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་དང་ཕན་ཚུན་ཤེས་རྟོགས་ལ་སྐུལ་འདེད་བཏང་སྟེ། དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད།

ལི་ཆང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོ་དང་ཙུང་ལི་ཡི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་རྗེས་ལུའུ་སཱ་ཁ་རུ་འབྱོར་བ་རེད། མོ་སི་ཁོ་དང་ཁ་འབྲལ་སྐབས། ཨུ་རུ་སིའི་སྲིད་གཞུང་གི་འཐུས་མི་དང་ཨུ་རུ་སིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་ཧན་ཧའེ་གནམ་གྲུ་ཐང་དུ་ཡོང་ནས་སྐྱེལ་མ་བྱས།