

ས་དེའི་དུས་ཚོད་ཟླ11ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ལུའུ་སཱ་ཁ་རུ་ཙན་པི་ཡའི་སྲིད་འཛིན་ཞི་ཆི་ལའེ་མ་དང་ཐན་ཙན་ནི་ཡའི་སྲིད་འཛིན་གཞོན་པ་ཨིན་ཆེན་པིས་དང་མཉམ་དུ་ཐན་ཙན་ལྕགས་ལམ་ལས་གཞིའི་འགོ་རྩོམ་མཛད་སྒོར་ཞུགས།
ས་དེའི་དུས་ཚོད་ཟླ11ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ལུའུ་སཱ་ཁ་རུ་ཙན་པི་ཡའི་སྲིད་འཛིན་ཞི་ཆི་ལའེ་མ་དང་ཐན་ཙན་ནི་ཡའི་སྲིད་འཛིན་གཞོན་པ་ཨིན་ཆེན་པིས་དང་མཉམ་དུ་ཐན་ཙན་ལྕགས་ལམ་ལས་གཞིའི་འགོ་རྩོམ་མཛད་སྒོར་ཞུགས།
ལི་ཆང་གིས་བསྟན་དོན། ན་ནིང་གི་ཟླ9པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙན་པི་ཡའི་སྲིད་འཛིན་ཞི་ཆི་ལའེ་མ་དང་ཐན་ཙན་ནི་ཡའི་སྲིད་འཛིན་ཧ་སང་བཅས་ཀྱིས་པེ་ཅིང་དུ《ཐན་ཙན་ལྕགས་ལམ་གྱི་ལེགས་སྒྱུར་ལས་གཞིའི་བཟོད་སྒོམ་བརྗེད་ཐོ》ལ་མཚན་རྟགས་བཀོད་པར་མཉམ་དུ་བདེན་དཔང་བྱས། ལོ་གཅིག་ལྷག་གི་རིང་། ཀྲུང་གོ་དང་ཐན་ཅན་ནི་ཡ། ཙན་པི་ཡ་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱིས་ནུས་ཤུགས་གཅིག་སྒྲིལ་དང་ཧུར་ཐག་སྒོས་འགུལ་སྐྱོད་བྱས་ཤིང་། ལས་གཞི་འཕེལ་རྒྱས་གལ་ཆེན་ཡོང་བར་སྐུལ་འདེད་བཏང་སྟེ་དངོས་སུ་ལས་འགོ་ཚུགས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡ་དང་ཐན་ཙན་ནི་ཡ་ཕྱོགས་དང་མཉམ་དུ། ཐན་ཙན་ནི་ཡ་དང་ཙན་པི་ཡའི་ལྕགས་ལམ་ལ་དུས་རབས་གསར་པར་འོད་མདངས་གསར་པ་འཕྲོ་རུ་བཅུག་ནས། རྒྱལ་ཁབ་གཉིས་དང་ཐ་ན་ཧྥེ་གླིང་ཧྲིལ་པོའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྩོལ་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་དང་མཉམ་དུ། ལྕགས་ལམ་ལེགས་སྒྱུར་བྱ་རྒྱུར་དགོས་ངེས་ཀྱི་རྒྱབ་སྐྱོར་དང་འགན་ལེན་བྱ་རྒྱུ་ཡིན། ཀྲུང་གོ་དང་ཐན་ཙན་ནི་ཡ། ཙན་པི་ཡ་ཕྱོགས་གསུམ་གྱིས་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་ཨར་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཚད་གཞི་འཛུགས་དགོས་པའི་རེ་བ་བཏོན། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡ་དང་ཐན་ཙན་ནི་ཡ་ཕྱོགས་ལ་གཞོགས་འདེགས་བྱས་ཏེ་ཐན་ཙན་ལྕགས་ལམ་གྱི་དར་རྒྱས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ལམ་རྒྱུད་ཀྱི“ཆུང་ལ་མཛེས་པའི”ལས་གཞི་དེ་བས་མང་བ་མཉམ་ལས་ལག་བསྟར་བྱས་ནས། དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུར་སྔར་བས་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡ་དང་ཐན་ཙན་ནི་ཡ་ཕྱོགས་དང་མཉམ་དུ་ལྕགས་ལམ་ལེགས་སྒྱུར་བྱེད་པ་འདི་གོ་སྐབས་སུ་བརྩིས་ནས། འབྲེལ་མཐུད་ལ་སྔར་བས་ཤུགས་སྣོན་པ་དང་།ཉོ་འཚོང་དང་དངུལ་གཏོང་སྟབས་བདེ་ཅན་གྱི་ཆུ་ཚད་ཇེ་མཐོ་རུ་བཏང་ནས། ཀྲུང་གོ་དང་ཐན་ཙན་ནི་ཡ། ཙན་པི་ཡ། ཀྲུང་གོ་དང་ཧྥེ་གླིང་བར་གྱི་ཁྲོམ་ར་དང་ཐོན་ལས་མཉམ་འདྲེས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་ཐད་མདུན་ལམ་རྒྱ་ཆེན་པོ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་རྒྱ་ཆེའི་ཧྥེ་གླིང་གི་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཐན་ཙན་ལྕགས་ལམ་གྱི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས། དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་གཏིང་ཟབ་ངང་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཆི་ལའེ་མ་དང་ཨིན་ཆེན་པིས་ཀྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོ་ཕྱོགས་དང་ནུས་ཤུགས་གཅིག་སྒྲིལ་གྱིས་ལྕགས་ལམ་ལས་གཞི་དེ་སྤུས་ལེགས་ཤིག་ཏུ་བསྐྲུན་ནས། ལམ་རྒྱུད་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་རྩོམ་འདོད་ཡོད།
བྱེད་སྒོའི་སྐབས་སུ། ལི་ཆང་དང་ཐན་ཙན་ནི་ཡའི་སྲིད་འཛིན་གཞོན་པ་ཨིན་ཆེན་པིས་ཀྱིས་མཛའ་མཐུན་བརྗེ་རེས་བྱས།
ཀྲུང་གོ་དང་ཐན་ཙན་ནི་ཡ། ཙན་པི་ཡ་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གིས་མཉམ་དུ《ལག་གདང་སྦྲེལ་ནས་ཐན་ཙན་ལྕགས་ལམ་དར་རྒྱས་ས་ཁུལ་བསྐྲུན་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།