

ས་དེའི་དུས་ཚོད་ཟླ11པའི་ཚེས20ཉིན་གྱི་དགོང་མོ། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གི་གདན་ཞུ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གནམ་གྲུར་བཞུགས་ནས་ཡའེ་ཧན་ནེ་སི་པའོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་ཉི་ཤུ་པར་ཞུགས།
ཉིན་དེའི་ཕྱི་དྲོར། ལི་ཆང་གིས་ཙན་པི་ཡར་དངོས་གཞིའི་འཚམས་འདྲི་མཇུག་བསྒྲིལ། ལུའུ་སཱ་ཁ་དང་ཞལ་གྱེས་སྐབས། ཙན་པི་ཡའི་སྲིད་འཛིན་གཞོན་པ་ནཱ་ལུའུ་མན་ཀི་དང་ཙན་པི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧན་ཅིན་གནམ་གྲུ་ཐང་དུ་ཡོང་ནས་སྐྱེལ་མ་བྱས།
ས་དེའི་དུས་ཚོད་ཟླ11པའི་ཚེས20ཉིན་གྱི་དགོང་མོ། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གི་གདན་ཞུ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གནམ་གྲུར་བཞུགས་ནས་ཡའེ་ཧན་ནེ་སི་པའོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་ཉི་ཤུ་པར་ཞུགས།
ཨ་ཧྥེ་རི་ཁ་ལྷོ་མའི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་མོ་ཚོ་ཨ་ལའེ་ཏི་དང་ཨ་ཧྥེ་རི་ཁ་ལྷོ་མར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝུའུ་ཕིན་གནམ་གྲུ་ཐང་དུ་འབྱོར་ནས་བསུ་མ་བྱས།