ཀྲའོ་ལི་ཅི་ཡིས་ནེའུ་ཙི་ལན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 105

ནེའུ་ཙི་ལན་གྲོས་ཁང་གི་གྲོས་གཙོ་པུའུ་ལང་ལིས་ཀྱི་གདན་ཞུ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཟླ11ཚེས19ནས22ཉིན་བར་ནེའུ་ཙི་ལན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་། ཨའོ་ཁི་ལན་དུ་ཙུང་ལི་ལཱ་ཁི་སིན་དང་མཇལ་འཕྲད་གནང་བ་དང་། ཝེ་ལིང་ཐོན་དུ་གྲོས་གཙོ་པུའུ་ལང་ལིས་དང་གྲོས་མོལ་མཛད། འདི་ནི་ཟླ11པའི་ཚེས20ཉིན། ཀྲའོ་ལི་ཅི་ཡིས་ཨའོ་ཁི་ལན་དུ་ནེའུ་ཙི་ལན་གྱི་ཙུང་ལི་ལཱ་ཁི་སིན་དང་མཇལ་འཕྲད་གནང་བའི་རྣམ་པ་རེད། 

ནེའུ་ཙི་ལན་གྲོས་ཁང་གི་གྲོས་གཙོ་པུའུ་ལང་ལིས་ཀྱི་གདན་ཞུ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཟླ11ཚེས19ནས22ཉིན་བར་ནེའུ་ཙི་ལན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་། ཨའོ་ཁི་ལན་དུ་ཙུང་ལི་ལཱ་ཁི་སིན་དང་མཇལ་འཕྲད་གནང་བ་དང་། ཝེ་ལིང་ཐོན་དུ་གྲོས་གཙོ་པུའུ་ལང་ལིས་དང་གྲོས་མོལ་མཛད།

ལཱ་ཁི་སིན་དང་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ནེའུ་ཙི་ལན་གྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག  ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དང་། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་བཅུ་ལོ་གཉིས་པའི་འགོ་ཡག་པོར་བརྩམས། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ། སྲོལ་རྒྱུན་གྱི་མཛའ་བརྩེ་སྲ་བརྟན་དུ་གཏོང་བ་དང་། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་ལྟ་རྟོག་བྱས་ནས། འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་ཟོལ་མེད་གྲོགས་པོ་དང་མཉམ་ལས་གྲོགས་པོ་བྱ་འདོད་ཡོད།  གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ། དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་མཉམ་ལས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་ཚུལ་སྒྱུར་དང་གཞི་གྲངས་དཔལ་འབྱོར། མིས་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པའི་རེ་བ་བཅངས་ཡོད། མི་གཞུང་བརྗེ་རེས་ལ་སྐུལ་སྤེལ་བྱས་ནས། རིག་གནས་དང་སློབ་གསོ། ཡུལ་སྐོར། ས་གནས་སོགས་ཀྱི་མཉམ་ལས་ལ་སྔར་ལས་ལྷག་པའི་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་ཏུ་བསྟར་དགོས།

ལཱ་ཁི་སིན་གྱིས་བསྟན་དོན། ནེའུ་ཙི་ལན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ཟབ་ཅིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་ཞིང་བརྟན། ནེའུ་ཙི་ལན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་ཚོང་དོན་འབྲེལ་བ་ཟབ་ལ་ཕན་ཚུན་གསབ་རེས་རང་བཞིན་ཆེ་བས། ཕྱོགས་གཉིས་ལ་ངེས་པ་དོན་གྱི་ཁེ་ཕན་ཐོབ་ཡོད། ནེའུ་ཙི་ལན་དང་ཀྲུང་གོའི་མི་གཞུང་བརྗེ་རེས་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ནས། ཀྲུང་གོའི་ཡུལ་སྐོར་བ་དང་། སློབ་མ། ཁེ་ལས་པ། ཀྲུང་གོ་བའི་མཁར་སྡེ་བཅས་ཀྱིས་ནེའུ་ཙི་ལན་གྱི་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད།  མཉམ་ལས་དང་། འབྲེལ་འདྲིས། གླེང་མོལ་བཅས་ནི་ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལ་བའི་ཁྱད་ཆོས་ཡིན། ནེའུ་ཙི་ལན་གྱིས་ཀྲུང་གོ་དང་གླེང་མོལ་བརྗེ་རེས་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་ཉོ་ཚོང་དང་སློབ་གསོ། རིག་གནས། ཡུལ་སྐོར། ཁོར་སྲུང་།  ཞིང་ལས་སོགས་ཁྱབ་ཁོངས་མང་པོ་རུ་མཉམ་ལས་བྱས་ཏེ། རྒྱལ་ཁབ་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།

པུའུ་ལང་ལིས་དང་གྲོས་མོལ་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ནེའུ་ཙི་ལན་གྲོས་ཁང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་པོ་བྱས་ཏེ། ཁྲིམས་འཛུགས་ལས་ཁུངས་ཀྱི་ངོས་ཐད་ནས་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་རོགས་རམ་བྱེད་འདོད་ཡོད། རིམ་པ་མང་བའི་བརྗེ་རེས་དང་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་སྐྱོང་སྲིད་འཛིན་དང་ཁྲིམས་འཛུགས། ལྟ་སྐུལ་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་ལས་སྟེགས་སུ་འབྲེལ་འདྲིས་དང་མཉམ་ལས་དམ་ཟབ་བྱེད་དགོས། ཀྲའོ་ལི་ཅི་ཡིས་ད་དུང་ཀྲུང་གོས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ནས་བརྗེ་རེས་དང་ཕན་ཚུན་དཔེ་ལྟོས་བྱ་ཆོག་པ་བསྟན།

པུའུ་ལང་ལིས་ཀྱིས་བསྟན་དོན།  ནེའུ་ཙི་ལན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གྲོགས་པོར་བརྩིས་ནས། ཀྲུང་གོས་གསར་སྐྲུན་བྱས་པའི་འཕེལ་རྒྱས་ཀྱི་ངོ་མཚར་ལ་དོ་ཁུར་བྱེད་ཀྱིན་ཡོད།  འབྲེལ་བ་བཙུགས་པའི་ལོ50ལྷག་གི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན། ཀྲུང་གོས་ལོ་བརྒྱའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ཡོད་པ་དང་། ནེའུ་ཙི་ལན་ཕྱོགས་ཀྱིས་མ་འོངས་པར་ཀྲུང་གོར་སྔར་ལས་ལྷག་པའི་འཕེལ་རྒྱས་འབྱུང་བར་རེ་སྒུག་བྱས་ཡོད། ནེའུ་ཙི་ལན་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་བཟང་དུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།

ནེའུ་ཙི་ལན་ལ་འཚམས་འདྲིར་གནང་སྐབས། ཀྲའོ་ལི་ཅི་ཡིས་ཁི་ལའེ་སི་ཐི་ཁྲེ་ཆི་རུ་ལུའུ་དབྱི·ཨའེ་ལི་རྗེས་དྲན་ཁང་གི་སྒོ་བྱང་གི་ཡོལ་རས་ཕྱེ་བའི་མཛད་སྒོར་ཞུགས་ནས་བསྟན་དོན། ལུའུ་དབྱི·ཨའེ་ལི་ཡི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ། འཕེལ་རྒྱས་བཟང་པོ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་དང་། ས་གནས། ན་གཞོན་བཅས་ཀྱི་བརྗེ་རེས་མཉམ་ལས་ཤུགས་སྣོན་པར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་པའི་མཛའ་མཐུན་ལེའུ་རྩོམ་དགོས།  ཅིས་འར་ཁི་ལེ་སི་ཐི་སྤུན་ཟླའི་ཞིང་རའི་ཞིང་ཁྱིམ་ལ་འཚམས་འདྲི་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་རྒྱུའི་ཐུགས་རེ་བཏོན།