བདེ་སྡོད་ལས་སྒྲུབ་ལ་འཚམ་པ་དང་འཆམ་མཛེས་ཞིང་སྡེའི་འཆར་གཞི་ལེགས་པོ་བཀོད།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

ཞིང་སྡེ་འཛུགས་སྐྲུན་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་གྱི་ལས་འགན་གལ་ཆེན་ཞིག་ཡིན་པ་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། བདེ་སྡོད་ལས་སྒྲུབ་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་དགོས་པ་བསྟན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། ས་གནས་སོ་སོས“བཟོ་སྐྲུན་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ལེགས་པོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཞིང་སྡེ་འཛུགས་སྐྲུན་བྱས་པ་དང་། ཞིང་སྡེའི་རྣམ་པ་བསྒྱུར་ནས། ཞིང་པ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་ཆེ་རུ་བཏང་།

ལོ་ལྔའི་སྔོན་གྱི་ཟླ11པའི་ཚེས23ཉིན། ཀུའེ་ཀྲོའུ་ཡིས་ཧ་ཅང་དབུལ་བའི་ཆེས་མཐའ་མཇུག་གི་རྫོང9དབུལ་ཕོངས་རྫོང་གི་གྲས་ནས་བུད་པ་ཁྱབ་བསྒྲགས་བྱས། ད་ལྟའི་བར། རྒྱལ་ཡོངས་སུ་དབུལ་ཕོངས་རྫོང832དབུལ་ཐར་བྱས་ཡོད། ད་ལྟ། ཀུའེ་ཀྲོའུ་ཡི་ག་ས་གང་དུ་གྲོང་གསེབ་དར་སྤེལ་གྱི་གསོན་ཤུགས་རྒྱས། རི་ཁུལ་གྱི་སེར་མདོག་གི་ལི་དང་སྔོ་ལྗང་གི་ཇ། སྔོ་ཐིང་ཐིང་གི་འབྲི་ཏ་ས་འཛིན་བཅས་ནི་ཞིང་པའི་ཡོང་འབབ་འཕར་བའི་ཁྱད་ལྡན་ཐོན་ལས་སུ་གྱུར་ཡོད། མཁར་གྲོང་དུ་སྡེ་བའི“རྐང་རྩེད་སྤོ་ལོའི་རིམ་བརྒལ་མཉམ་འགྲན”དང“ལྒང་ལི་འགྲན་བསྡུར”གྱི་སྤྲོ་དགས་ཁེངས་འདུག་པས། ས་གནས་ཀྱི་འགྲན་བསྡུར་ནས་དམངས་ཡོངས་ཀྱིས་དོ་ཁུར་བྱེད་པའི་རིག་གནས་སྣང་ཚུལ་ཞིག་ཏུ་གྱུར་ཡོད། ལོ་ལྔའི་རིང་། ཀུའེ་ཀྲོའུ་ཡི་ཞིང་སྡེའི་མི་སྡོད་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ཡོད་པས། ཞིང་སྡེ་ཡིས“བཙོག་ཟིང་ཞན་གསུམ”ནས“དྭངས་གཙང་མཛེས་སྡུག”ཅན་དུ་འགྱུར་ཐུབ་ཡོད།

ཀུའེ་ཀྲོའུ་ཞིང་ཆེན་ཝུའེ་ཉིན་དབྱིས་རིགས་ཧོས་རིགས་མིའོ་རིགས་རང་སྐྱོང་རྫོང་ཚའོ་ཧའེ་གྲོང་རྡལ་གྱི་གྲོང་མི་ཝུའུ་ཀོང་རོང་གིས་བཤད་རྒྱུར། ཁང་པའི་ཉེ་འཁོར་ཧ་ཅང་གཙང་ལ། ང་ཚོའི་མཚོ་ཁ་རུ་བྱ་འབུམ་ལྷག་དགུན་སྐྱེལ་དུ་ཡོང་ཡོད། ད་ལྟ་ངས་པར་ཆས་ཀྱང་ཉོས་ཡོད་པས། འདབ་ཆགས་འདྲ་བླངས་ཆོག འཚོ་བའི་ཆུ་ཚད་ཀྱང་ཇེ་ལེགས་ནས་ཇེ་ལེགས་རེད་ཟེར།

ཀུའེ་ཀྲོའུ་ས་གཞི་ཆེན་མོའི་སྟེང་གི་འགྱུར་ལྡོག་དེ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་ཀྱི་རང་རྒྱལ་གྱི་ཞིང་སྡེའི་འགྱུར་ལྡོག་ཆེན་པོའི་བསྡུས་གཟུགས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་སྡེ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། ཞིང་སྡེ་རུ་ཐེངས་མང་པོར་རྟོག་ཞིབ་གནང་། ཞིང་སྡེ་འཛུགས་སྐྲུན་གྱི་དམིགས་འབེན་བླང་བྱ་ནས་ལག་བསྟར་ཐབས་ལམ་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་གསལ་བོ་བཏོན་ཡོད། ཞིང་སྡེ་འཛུགས་སྐྲུན་གྱི་འགོ་རྩོམ་སའི་ཐད་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ཞིང་སྡེ་འཛུགས་སྐྲུན་ནི་ཞིང་པའི་ཆེད་དུ་འཛུགས་སྐྲུན་བྱས་པ་ཡིན་པས། རྨང་གཞི་ནས་སྐུལ་འདེད་གཏོང་བ་དང་ཞིང་པ་ཞུགས་པའི་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཤིང་། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་ཞིང་པའི་མྱོང་ཚོར་ལ་ལྟ་རྟོག་བྱེད་དགོས། ”ཞིང་སྡེ་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “མང་ཚོགས་ཀྱིས་བསམ་འཆར་འདོན་པ་དང་དམ་འཛིན་བྱེད་ཐུབ་པ། ལོ་འགའ་དམ་འཛིན་བྱས་ན་ཕན་འབྲས་ཐོན་ཐུབ་པ་བཅས་ཀྱི་དོན་དག་འགའ་ཞིག་ལ་དམིགས་ཏེ། ཐོན་ཁུངས་གཅིག་བསྡུས་དང་ཐོད་བརྒལ་ཇེ་མགྱོགས་སུ་བཏང་ནས། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བླངས།

ཞིང་ལས་ཞིང་སྡེ་པུའུ་ཞིང་སྡེ་འཛུགས་སྐྲུན་སྐུལ་འདེད་སི་ཡི་སི་ཀྲང་ཡན་ཏུང་ཆོན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་སྡེ་འཛུགས་སྐྲུན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་དང་བྱ་བ་བསྒྲུབ་ཐབས་བཏོན་ཡོད་པས། ང་ཚོས་ཞིང་སྡེ་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་པར་རྩ་བའི་གཞི་འཛིན་ས་དང་ལག་ལེན་གྱི་ཁ་ཕྱོགས་བསྟན་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་ང་ཚོས་ཞིང་སྡེ་འཛུགས་སྐྲུན་གྱི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ལས་འགན་གསལ་ཐོ་དང་ལས་གཞི་མཛོད་ཀྱི་དོ་དམ་ལ་ཤུགས་བསྣན་ཏེ། ཞིང་སྡེ་འཛུགས་སྐྲུན་ལ་འཕེལ་རྒྱས་གལ་ཆེན་དང་ཕན་འབྲས་མངོན་གསལ་བླངས་ཡོད་པས། བདེ་སྡོད་ལས་སྒྲུབ་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་འགོ་ལེགས་པོ་ཞིག་བརྩམས་ཟེར།

ལོ་ལྔའི་རིང་། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་རིམ་འཕར་བྱུང་ཡོད། ཞིང་སྡེའི་གཞུང་ལམ་རེ་རེ་གཏིང་ཟབ་སྒོས་རྒྱ་བསྐྱེད་ཡོད་པ་དང་། སྤྱིའི་ལམ་གྱི་རིང་ཐུང་སྤྱི་ལེ་ས་ཡ་བཞི་འབུམ་དྲུག་ཁྲི་བཞི་ལས་བརྒལ་ཡོད། སྡེ་བ་དང་སྡེ་བའི་བར་བསྐྱོད་པའི་ལམ་དང་ཁྱིམ་ཚང་དུ་བསྐྱོད་པའི་ལམ་ཤར་གཏོང་བྱས་ཡོད་པས། གྲོང་གསེབ་དར་སྤེལ་ཐད་རྒྱུན་ཆད་མེད་པའི་གསོན་ཤུགས་བསྩལ་ཡོད། ཞིང་སྡེ་རང་འབབ་ཆུའི་ཁྱབ་ཚད94%བར་མཐོ་རུ་ཕྱིན་ཡོད་པ་དང་། སྔོན་དཔག་བྱས་ན“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་མཇུག་ཏུ96%ཏུ་སླེབས་སྲིད།  གཞི་ཁྱོན་ཅན་གྱི་ཆུ་འདོན་བཟོ་སྐྲུན་ཞིང་སྡེའི་མི་གྲངས་ལ་ཁྱབ་པའི་བསྡུར་ཚད65%རུ་སླེབས་ཡོད་པ་དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་གནས15འཕར་ཡོད་པས། ཞིང་པ་མང་ཚོགས་ཀྱིས་ཆུ་སྤྱོད་པར་སྔར་ལས་སྟབས་བདེ་དང་འགན་སྲུང་བྱས་ཡོད།

ཞིང་སྡེའི་མི་སྡོད་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན། 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་ཞིང་སྡེའི་འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད76%ཡས་མས་སུ་སླེབས་ཡོད། འཚོ་བའི་བཙོག་ཆུ་བཅོས་སྐྱོང་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད་པ་དང་། བཅོས་སྐྱོང་བྱེད་ཚད45%ཡན་དུ་སླེབས་ཡོད། སྤྱི་པའི་ཞབས་ཞུའི་མ་ལག་མུ་མཐུད་དུ་འཐུས་ཚང་དུ་བཏང་། རྒྱལ་ཡོངས་ཀྱི་ཆུའུ་དང་རྫོང2895ལ་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་མཉམ་བྱུང་ཡོད། ཞིང་སྡེ་འཕྲོད་བསྟེན་ཁང་བཙུགས་པའི་སྲིད་འཛིན་སྡེ་བ95%ལས་བརྒལ་བའི་ཁྲོད་ཉུང་མཐར་ཡང་ཁྱིམ་ཚང་གཅིག་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་བཅུག་ཡོད་པས། མང་ཚོགས་ཀྱི་སྨན་བཅོས་ལ་སྔར་ལས་སྟབས་བདེ་བསྐྲུན་ཡོད། རྒྱལ་ཡོངས་ཀྱི་ཞིང་སྡེའི་རྒན་གསོ་ཁང་བསྡོམས་པས་ཆིག་ཁྲི་དྲུག་སྟོང་ཡོད་པ་དང་། ཞིང་སྡེའི་རོགས་རེས་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཧ་ལམ་འབུམ་གཅིག་དང་ཁྲི་བཞི་སྟོང་ལྔ་ཡོད་པ་དང་། རྒན་གསོའི་དྲ་རྒྱ་སྔར་ལས་འཐུས་ཚང་དུ་བཏང་ཡོད།

ད་ལྟ། ས་གནས་སོ་སོས་གསར་གཏོད་ཀྱི་བསམ་ཕྱོགས་དང་བྱེད་ཐབས་དངོས་ལ་བརྟེན་ནས། དཔལ་ཡོན་ཡུལ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཞིང་པའི་བསམ་པའི་འཚོ་བ་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ།  ཞིང་སྡེའི་ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་ཞིང་སྤུས་ཚད་སྔར་ལས་ཇེ་ལེགས་སུ་བཏང་།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་གཞིའི་ནང“ཡུལ་བབ་དང་བསྟུན་ནས་གྲོང་གསེབ་འཛུགས་སྐྲུན་གྱི་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར”བཀོད་སྒྲིག་ཞིབ་ཕྲ་བྱས། “རིགས་དབྱེ་གོ་རིམ་ལྡན་པ་དང་ཡུག་ཁུལ་ཅན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད། མིག་སྔར་ས་གནས་སོ་སོས་གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས་མུ་མཐུད་དུ་ཤུགས་རྒྱག་བཞིན་ཡོད་པ་དང་། འཚོ་སྡོད་དང་ལས་སྒྲུབ། མཛེས་སྡུག་བཅས་ཀྱི་གྲོང་གསེབ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བཞིན་ཡོད།

ཀོང་ཞི་ཡིས་ཞིང་པ་མང་ཚོགས་ཀྱིས་གླེང་མང་བའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ནས་འགོ་བཙུགས་ཏེ། གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་མཛོད་དང་ལས་འགན་གསལ་ཐོ་བཟོས། ཨན་ཧུའེ་ཡིས“ཡུག་ཁུལ་གཅིག་དང་བརྗོད་གཞི་གཅིག”དམ་འཛིན་བྱ་གཞིར་བྱས་ཏེ། འགྲོ་ལམ་དང་། ཆུ་མཁོ་འདོན། བཙོག་ཆུ། སྔོ་ལྗང་སོགས་རྣམ་གྲངས་གཅིག་སྡུད་ཡུག་འབྲེལ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་། ཧྲན་ཏུང་གིས་ཡུག་ཁུལ་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཧུར་ཐག་བཏང་སྟེ། འཆར་འགོད་དང་། རྩ་འཛུགས། ཐོན་ཁུངས། ཐོན་ལས། སྒྲིག་བཀོད། ཞབས་ཞུ། བཅོས་སྐྱོང་བཅས“ཡུག་སྦྲེལ་བདུན”ལ་བརྟེན་ནས་གྲོང་སྡེ“ཁེར་དམག་གིས་དམག་འཐབ་བྱེད་པ”ནས“ཚོགས་པས་སྐུལ་འདེད་གཏོང་བར”བསྒྱུར་བར་སྐུལ་འདེད་བཏང་ཡོད།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”ཁ་ཕྱོགས་ནས། རང་རྒྱལ་གྱིས“གྲོང་གསེབ་ལ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པའི”དམིགས་ཚད་དེར་དམ་པོར་དམིགས་ཏེ། རྒྱུན་རྣམ་ཅན་དང་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལམ་སྲོལ་སྤྱི་འདོམས་འཛུགས་རྒྱུ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གྲོང་གསེབ་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། འཚོ་སྡོད་དང་ལས་སྒྲུབ། མཛེས་སྡུག་ལྡན་པའི་གྲོང་གསེབ་བཅས་ཀྱི་དཔེ་རིས་གསར་པ་ཧུར་ཐག་གིས་འབྲི་རྒྱུ་རེད།