ལི་ཆང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་ཉི་ཤུ་པའི་དུས་རིམ་དང་པོའི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 14

ལི་ཆང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་ཉི་ཤུ་པའི་དུས་རིམ་དང་པོའི་ཚོགས་འདུར་ཞུགས། རྩེ་ཚོགས་ཀྱི་དུས་རིམ་དང་པོའི་ཚོགས་འདུའི་ཐོག“ཁོང་ཡངས་དང་རྒྱུན་མཐུད་དཔལ་འབྱོར་འཕར་རྒྱུ”དཔྱད་གཞིར་བྱས་ཏེ་གསུང་བཤད་གནང་།

ལི་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་ཁ་བྲལ་ལ་མདུན་ལམ་མེད་པ་བསྟན་ཡོད། ད་ལྟ། འཛམ་གླིང་གི་དཔལ་འབྱོར་སླར་ཡང་འགྲན་སློང་ཧ་ཅང་ཆེན་པོར་འཕྲད་ཡོད། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་འུར་ཟིང་གིས་ཁེངས་ཤིང་། དཔལ་འབྱོར་ཉོ་ཚོང་གི་ཚོད་འཛིན་དང་འགལ་ཟླ་དང་འགྲན་རྒོལ་སྣ་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད། ཕྱོགས་སོ་སོའི་ཁེ་ཕན་རེ་ཞུ་ཐད་ཧེ་བག་ཡོད་པ་དང་གོ་ལ་ཧྲིལ་པོའི་མཉམ་ལས་ལམ་སྲོལ་ཐད་མི་འདང་ས་ཡོད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ལ་འགོག་རྐྱེན་བཟོ་བའི་རྒྱུ་རྐྱེན་ཞིག་རེད། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ལྷག་པའི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཐག་གཅོད་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ་ཕྱོགས་སོ་སོའི་མཐུན་སྒྲིལ་མཉམ་ལས་ཀྱི་སྲོལ་ལམ་ཐོག་བསྐྱར་ལོག་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

ལི་ཆང་གིས་བསྟན་དོན། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པའི་སྟོབས་ཤུགས་ཞན་པར་གདོང་གཏད་དེ།  ང་ཚོས་ཕྱར་བ་གྲུ་འདེགས་རྒྱུན་འཁྱོངས་དང་མཐའ་གཅིག་ཏུ་རང་མོས་ཚོང་དོན་སྲུང་སྐྱོང་བྱས་ནས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས། ལྟ་བ་མི་མཐུན་པ་དང་འགལ་བར་ཁ་གཏད་དེ་ང་ཚོས་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁེ་ཕན་གྱི་སྤྱིའི་བགོ་གྲངས་ཆེ་ཤོས་ཧུར་ཐག་འཚོལ་ཞིབ་བྱས་ཏེ་འདྲ་མཉམ་ངང་གྲོས་མོལ་དང་རྩོད་གཞི་ཐག་གཅོད་བྱེད་དགོས། བཅོས་སྐྱོང་གི་དཀའ་གནད་ལ་དམིགས་ཏེ་ང་ཚོས་དུས་དང་མཉམ་སྐྱོད་བྱས་ཏེ། ཕྱོགས་མང་རིང་ལུགས་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་དངུལ་ཁང་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས། འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཀྱི་སྒྲིག་གཞི་བཅོས་སྒྱུར་བྱེད་པར་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་བཤད་དབང་ཆེ་རུ་བཏང་ནས་སྔར་ལས་དྲང་གཞག་དང་སྒོ་འབྱེད་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་གཞི་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས“《རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དང་ཆེས་དར་རྒྱས་ཆུང་བའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་པའི་བཟོ་ལས་ཅན་གྱི་གྲོས་འགོའི》ཀྲུང་གོའི་འགུལ་སྐྱོད་ལག་བསྟར”ཁྱབ་བསྒྲགས་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུ་ལོན་ཉུང་དུ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། ཨ་ཧྥེ་རི་ཁ་ལྷོ་མ་དང་མཉམ་དུ་《ཨ་ཧྥེ་རི་ཁའི་དེང་རབས་ཅན་གྱི་མཉམ་ལས་ལ་རྒྱབ་སྐྱོར་བྱ་རྒྱུའི་གྲོས་འགོ》བཏོན་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སློབ་གླིང་བཙུགས་ཏེ། རྒྱལ་ཁབ་སོ་སོ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།

ཚོགས་ཞུགས་འགོ་ཁྲིད་པས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགྲན་སློང་ལ་ཁ་གཏད་འཇལ་བ། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ཏེ།   གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་བཅོས་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་ཧེ་བག་སེལ་བ་དང་། སྟོབས་ལྡན་དང་དོ་མཉམ། བསྟུན་མཁས་བཅས་ཀྱི་རྒྱུན་མཐུད་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས།