ལི་ཆང་གིས་དབྱི་ཐ་ལིའི་ཙུང་ལིར་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 9

ས་དེའི་ཟླ11པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་གཡོད་ཧན་ནེ་སི་པའོ་རུ་དབྱི་ཐ་ལིའི་ཙུང་ལི་མེ་ལུའོ་ཉི་ལ་མཇལ་འཕྲད་གནང་།

ལི་ཆང་གིས་ན་ནིང་གི་ཟླ7པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་རྣམ་གཉིས་པེ་ཅིང་ནས་མཇལ་འཕྲད་གནང་སྟེ་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བར་འཐབ་ཇུས་ཀྱི་འཆར་འགོད་གནང་། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་དང་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་དར་སྤེལ་བཏང་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་མཉམ་ལས་ཀྱི་ཁྱད་སྟོབས་ཇེ་ལེགས་སུ་གཏོང་བ། གསར་དར་ཐོན་ལས་ཀྱི་མཉམ་ལས་རྒྱ་སྐྱེད་པ། མཉམ་དུ་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ནས་སྔར་ལས་བརྟན་ལྷིང་དང་སྔར་ལས་འབྱོར་ཕྱུག་ལྡན་པའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་འདོད་ཡོད། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་དགོས་པ་དང་། སྔར་ལས་རྒྱ་ཆེ་བའི་ལྟ་ཚུལ་གཅིག་མཐུན་ཆགས་ཐབས་བྱེད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་དང་ཕྱོགས་མང་ལམ་སྲོལ་ཇེ་བརྟན་དུ་གཏོང་བའི་ཡིད་ཆེས་དང་ངེས་ཤུགས་ཆེ་རུ་གཏོང་དགོས་པ་བསྟན།

མེ་ལུའོ་ཉི་ཡིས་དབྱི་ཐ་ལི་དང་ཀྲུང་གོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཡིན། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་ལམ་སྲོལ་ཡག་པོ་སྤྱད་དེ། དཔལ་འབྱོར་ཉོ་ཚོང་དང་། ཚན་རྩལ། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་དང་། ཕྱོགས་མང་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་དུ་ཕྱོགས་མང་རིང་ལུགས་སྲུང་སྐྱོབ་བྱེད་འདོད་ཡོད་ཚུལ་བསྟན།